དབུ་ཤོག>གསར་འགྱུར།
  • གནད་སྨིན་ཐབས་ཇུས་བཏོན་ནས་ཞན་ཆ་གསབ། སེམས་ནུས་གཅིག་བསྒྲིལ་འཕེལ་རྒྱས་དོན་གཉེར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-03

    2016ལོའི་ཟླ་6པར་བོད་དུ་སླེབས་པ་ནས་བཟུང་། གྲོ་མོ་རྫོང་ལ་རོགས་སྐྱོར་བྱེད་མཁན་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་ཧྲང་ཧའེ་དང་བོད་ཀྱི་ས་ཆ་གཉིས་ཀྱི་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་། མཐོང་ཆེན། འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་བཅས་ལ་བརྟེན་ནས་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་བ་མཐའ་འཁྱོངས་བྱ་རྒྱུ་དེ་བོད་སྐྱོར་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ནས་གྲོ་མོ་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རོགས་བྱ་རྒྱུ་དེ་བོད་སྐྱོར་གྱི་ལས་དོན་ཨང་དང་པོ་དང་དོན་ཆེན་ཞིག་ཏུ་བརྩིས་ཁར། རང་ངོས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ནས་སློབ་གསོ་དང་སྨན་བཅོས་ཀྱི་ཞན་ཆ་ཤུགས་ཆེན་བསབས་ཏེ་གྲོ་མོ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་མྱུར་ལ་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་ཆེད་ལེགས་སྐྱེས་ཕུལ་ཡོད།

    ཐོན་ལས་བོད་སྐྱོར་བྱས་ཏེ“རང་བརྟེན་ནུས་པ”ཟམ་མི་ཆད་པར་ཆེ་རུ་བཏང་བ།

    2017ལོར་གྲོ་མོ་རྫོང་གིས་གཞིས་རྩེ་གྲོང་ཁྱེར་དུ་དབུལ་ཞྭ་འབུད་རྒྱུའི་ལས་འགན་སྔོན་ལ་ལེགས་སྒྲུབ་བྱས་ཏེ། གྲོ་མོ་རྫོང་ལ་རོགས་སྐྱོར་བྱེད་པའི་ལས་འགན་དེ་ཐོག་མའི་དབུལ་སྐྱོར་རོགས་རམ་ནས་དབུལ་པོ་བསྐྱར་ལོག་མི་ཡོང་བ་བྱེད་པར་བསྒྱུར་ཡོད།

    གྲོ་མོའི་མོག་རོ་དང་ཉ་སྐད་གྲགས་ཆེན་པོ་ཡོད་པས་ལོ་མང་རིང་འཕེལ་རྒྱས་བཏང་བ་བརྒྱུད་མིས་འདེབས་གསོ་ཐུབ་པ་བྱུང་ནས་རིམ་བཞིན་ཁྲོམ་རར་བཙོང་ནའང་། རྒྱུ་རྐྱེན་མང་པོ་ཞིག་གི་དབང་གིས་གྲོ་མོའི་ཉ་དང་མོག་རོའི་འདེབས་གསོ་ད་བར་གཞི་ཁྱོན་ལྡན་པ་ཞིག་ཏུ་ཆགས་ཐུབ་མེད།

    གནད་དོན་དེར་དམིགས་ནས་གྲོ་མོར་རོགས་སྐྱོར་བྱེད་མཁན་ཧྲང་ཧའེ་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་ཧྲང་ཧའེ་ཡི་འབྲེལ་ཡོད་ཚན་པར་བསྐྱོད་དེ་ཁྲོམ་རར་བརྟག་ཞིབ་གང་ལེགས་དང་ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་བྱས་ནས་བོད་སྐྱོར་མ་དངུལ་སྒོར་ཁྲི་7000གྲོ་མོའི་ཉ་དང་མོག་རོའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་གཙོ་གནད་དུ་སྤྱད་དེ་གྲོ་མོ་ཉིད་ཕྱོགས་བསྡུས་སྣོད་བཅུད་ཐོན་ལས་གླིང་དུ་བསྐྲུན་རྒྱུ་ལྟེ་བར་བྱས་ཏེ། ཆུ་འབི་གྲོ་མོའི་ཉ་གསོ་སྤེལ་རྟེན་གཞི་དང་། གྲོ་མོ་སྨད་སོགས་ཤང་དང་གྲོང་རྡལ་གསུམ་ལ་གྲོ་མོའི་ཉ་གསོ་ཚགས་རྟེན་གཞི་འཛུགས་རྒྱུར་ཁྱབ་འགྱེད་སྣེ་ཁྲིད་ཀྱིས་གྲོ་མོའི་མོག་རོ་དང་ཉ་གཞི་ཁྱོན་ལྡན་པའི་ངང་འདེབས་གསོ་བྱས་ཏེ། འདེབས་གསོ་དང་། ལས་སྣོན། འཁྱག་གཏོང་དབོར་འདྲེན་བཅས་ཟུང་དུ་སྦྲེལ་བའི་དྲ་ཞུགས་དང་དྲ་ཞུགས་མིན་པའི་བྲིན་ཚོང་གི་ཐོན་ལས་འཁོར་འབྲེལ་ཞིག་སྐྱེད་སྲིང་བྱ་རྒྱུའི་ཐག་བཅད་པ་རེད།

    དེ་དང་ཆབས་ཅིག་གྲོ་མོར་རོགས་སྐྱོར་བྱེད་མཁན་ཧྲང་ཧའེ་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་མ་དངུལ་སྒོར་ཁྲི་1300ལྷག་བཏོན་ནས་མི་སེར་གྱི་སྡོད་ཁང་རྒྱག་པ་དང་། ཆུ་ཚན་མགྲོན་ཁང་སྐྲུན་པ། ཡུལ་སྐོར་གྱི་ཞབས་ཞུ་བ་གསོ་སྦྱོང་བཅས་ལ་བཏང་བ་དང་། ཆུ་ཚན་མགྲོན་ཁང་ལས་གཉེར་བྱས་རྗེས་དུད་ཁྱིམ་53དང་དཀའ་ངལ་ཡོད་པའི་མང་ཚོགས་157ལ་ཕན་པ་ཐོབ་རྒྱུ་ཡིན་པ་རེད།

    སློབ་གསོའི་བོད་སྐྱོར་བྱས་ཏེ་སྒྲིག་ཆས་དང་སློབ་ཁྲིད་གཉིས་ཀ་ལེགས་སུ་བཏང་བ།

    2016ལོའི་ཟླ་7པར་གྲོ་མོ་རྫོང་སློབ་འབྲིང་དུ་འཕྲུལ་མི་དང་3Dཔར་འདེབས་གསར་གཏོད་ཚོད་ལྟ་ཁང་བསྐྲུན་སྟབས་སློབ་མས་དྲ་རྒྱ་བརྒྱུད་ཧྲང་ཧའེ་ཡི་དགེ་རྒན་གྱིས་ཚན་རྩལ་སློབ་ཁྲིད་བྱེད་པ་ལྟ་ཉན་ཐུབ་པ་དང་། དེ་ནི་གཞིས་རྩེ་གྲོང་ཁྱེར་ལ་གསར་གཏོད་ཚོད་ལྟ་ཁང་དང་པོ་དེ་ཡིན་པ་རེད།

    གྲོ་མོར་རོགས་སྐྱོར་བྱེད་མཁན་ཧྲང་ཧའེ་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་བོད་སྐྱོར་མ་དངུལ་སྒོར་ཁྲི་540སློབ་ཁྲིད་ཐོག་ཁང་གསར་པ་རྒྱག་པར་བཏང་བ་དང་། སྒོར་ཁྲི་200སློབ་མའི་འཇོན་ཐང་ཆེ་རུ་གཏོང་བའི་རྣམ་གྲངས་འཛུགས་རྒྱུར་སྤྱད་དེ་དགེ་རྒན་གྱི་གཞུང་ལས་ཁང་གི་སྒྲིག་ཆས་ཀྱི་ཆ་རྐྱེན་ལེགས་སུ་བཏང་ཡོད། བོད་སྐྱོར་གྱི་རྣམ་གྲངས་སྔར་ལས་མང་བས་གྲོ་མོ་རྫོང་སློབ་འབྲིང་གི་སློབ་ཁྲིད་ཀྱི་རྨང་གཞིའི་སྒྲིག་བཀོད་ཆེས་ཆེར་ལེགས་སུ་བཏང་ཡོད།

    དགེ་རྒན་དཔུང་ཁག་གི་སྟོབས་ཤུགས་ཆེ་རུ་གཏོང་ཆེད། གྲོ་མོར་རོགས་སྐྱོར་བྱེད་མཁན་ཧྲང་ཧའེ་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་རང་རྟོགས་ངང་གཞིས་རྩེའི་ཧྲང་ཧའེ་ཚོད་ལྟའི་སློབ་ཆུང་དང་། ཧྲང་ཧའེ་ཐན་ཅ་པིང་སློབ་འབྲིང་སོགས་སློབ་གྲྭ་བཅུ་ལྷག་དང“སློབ་ཁྲིད་མནའ་འབྲེལ”བྱས་ཏེ་སྤུས་ལེགས་ཀྱི་སློབ་ཁྲིད་ཐོན་ཁུངས་དང་དགེ་རྒན་གསོ་སྦྱོང་སོགས་ཐད་མཉམ་ལས་བྱས་ཡོད།

    སྨན་བཅོས་རོགས་སྐྱོར་བྱས་ཏེ་སྨན་བཅོས་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་བ།

    2017ལོར་བོད་སྐྱོར་མ་དངུལ་སྒོར་ཁྲི་780གྲོ་མོ་རྫོང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་ཚད་ལྡན་འཛུགས་སྐྲུན་ཐོག་བཏང་བ་དང་སྒོར་ཁྲི་400རྒྱང་ཁྲིད་ནད་དཔྱད་མ་ལག་བསྐྲུན་རྒྱུར་བཏང་ནས་2018ལོར་རིམ་པ་གཉིས་པའི་སྨན་ཁང་གཏོད་རྒྱུར་གྲ་སྒྲིག་བྱས་ཡོད།

    “མང་ཚོགས་དང་འབྲེལ་འདྲིས་དང་སྔར་བས་འཚམ་མཐུན་ཡོང་བ”བྱ་ཆེད། གྲུ་འཛིན་ལྟེ་གནས་སྨན་ཁང་གིས་སྨན་བཅོས་ལག་རྩལ་པ་10ཁོག་ནད་དང་། ཕྱི་བཅོས། ཀྲུང་ལུགས་སྨན་བཅོས། སོ་ནད། ནད་སྐྱོང་། གློག་པར་སོགས་ཚན་ཁག་ལ་ཁ་གཏད་རོགས་སྐྱོར་བྱེད་པར་སྔ་རྗེས་སུ་བཏང་ནས་རྒྱུན་གཏན་གྱི་ཚན་ཁག་ཚང་མར་ཁྱབ་པར་བྱས་ཏེ་གྲོ་མོ་རྫོང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཉིད“གཞན་རྟེན”ནས་རིམ་བཞིན“རང་རྟེན”ཐུབ་རྒྱུར་རོགས་པ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།