
བཅིངས་འགྲོལ་དམག་སྨན་ཁང་75པའི་དཔོན་དམག་གིས་སྨན་བཅོས་རུ་ཁག་བཙུགས་ཏེ་དམངས་གཅེས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་བཅའ་སྡོད་བྱ་ཡུལ་གྱི་མང་ཚོགས་ལ་སྨན་བཅོས་བློ་འདྲིའི་ཞབས་ཞུ་དང་། རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད། སྨན་སྦྱིན་གཏོང་བ་བཅས་བྱས་ཤིང་། འདི་ནི་དམངས་གཅེས་ཞབས་ཞུའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཆབ་མདོ་ཡན་ལག་དམག་ཁུལ་ཁང་གིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ་ལོ་ལྟར་ལམ་ཐག་སྤྱི་ལེ་ཁྲི་དུ་མར་བསྐྱོད་པ་དང་། དྲིལ་བསྒྲགས་འཆད་ཁྲིད་20ལྷག་བྱས་པ། དུད་ཚང་དང་གྲོང་ཚོར་ཐེངས་200ལྷག་བསྐྱོད་པ། དྲིལ་བསྒྲགས་དཔྱད་ཡིག་600ལྷག་སྤྲད་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་འབྲོག་ཁུལ་དང་། སློབ་གྲྭ དགོན་སྡེ་བཅས་སུ་ཁྱཔ་པར་བྱས་ཏེ་ཤེས་དཔལ་གྱི་ས་བོན་མི་དམངས་མང་ཚོགས་ཀྱི་སེམས་ཁོང་དུ་བཏབ་པ་རེད། དེ་དང་ཆབས་ཅིག་དམངས་གཅེས་སློབ་རོགས་དང་། ལག་རྩལ་གྱི་གསོ་སྦྱོང་། གཞི་རིམ་ཏང་རྩ་འཛུགས་མཉམ་སྐྲུན་སོགས་ཀྱི་དབུལ་སྐྱོར་བྱེད་སྒོ་རྒྱ་ཁྱབ་སྤེལ་ཁར་སྔ་རྗེས་སུ་གྲོན་དངུལ་སྒོར་ཁྲི་བརྒྱ་ཙམ་བཏང་ཞིང་། གྲོང་ཚོ་42ལ་དབུལ་སྐྱོར་དང་། རྣམ་གྲངས་2སྐྲུན་རོགས། ཏང་རྩ་འཛུགས་18དང་སློབ་གྲྭ་7མཉམ་སྐྲུན། མང་ཚོགས་དུད་ཚང་229ཡི་མི་889ལ་རོགས་སྐྱོར། སློབ་མ་དབུལ་པོ་120ལ་སློབ་སྦྱོང་གི་ཕུགས་འདུན་འགྲུབ་རོགས། དུད་ཚང་37གྱི་མི་121ལ་དབུལ་ཞྭ་འབུད་རོགས་བཅས་བྱས་པར་བརྟེན་སྤྱི་ཚོགས་ལས་རིགས་ཁག་གི་ཁས་ལེན་གཅིག་མཐུན་དང་ཕྱོགས་མང་པོའི་བསྔགས་བརྗོད་ཐོབ་པ་རེད།