དབུ་ཤོག>གསར་འགྱུར།
  • “བོད་དུ་བསྡད་ཚེ། ངས་ཚེ་སྲོག་དེ་བས་མང་བ་སྐྱོབ་ཐུབ”

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2018-04-25

    505058_yis_1524548132526_s.jpg

    འདི་ནི་2015ལོའི་ཟླ་3ཚེས་16ཉིན་ཀྲོའུ་ནན(གཡོན་གྱི་གཉིས་པ)གྱིས་བོད་ལྗོངས་གཉའ་ནང་རྫོང་འགྲམ་གྲོང་རྡལ་ཤོལ་པོ་སྒང་གྲོང་ལྷན་དུ་འོས་འགན་སྨན་བཅོས་བྱེད་པའི་གནས་ཚུལ་ཡིན་པ།

    མཐོ་རྒྱུགས་སྐབས་རྩིས་རིག་གི་སྐར་གྲངས་བརྒྱ་ཐོབ་པ་དང་། སྐད་ཡིག་སྣ་ཚོགས་རང་སྦྱོང་བྱས་པ། ཞེ་ཧོ་གསོ་རིག་སློབ་གླིང་གི་འབུམ་རམས་པའི་སློབ་རྒྱུས་ལྡན་པ་སོགས་ཀྱི་གྲུབ་འབྲས་ཐོབ་པའི་ལོ་རབས་80ནང་སྐྱེས་ཀྱི་བུ་མོ་ཀྲོའུ་ནན་ལ་མ་གཞི་པེ་ཅིང་དུ་བསྡད་ན་མདུན་ལམ་ཆེན་པོ་ཡོད། འོན་ཀྱང་ཁོ་མོས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་ལས་ཀ་བྱ་རྒྱུའི་གདམ་ཀ་བྱས་ཏེ་ད་བར་ལོ་9ཏག་ཏག་ཕྱིན།

    ལོ་9རིང་། ཁོང་གིས་རང་ཉིད་ཀྱི་ལྷག་བསམ་རྣམ་དག་ངང་ལེགས་སྐྱེས་འབུལ་བའི་བསམ་པར་བརྟེན་ནས་གངས་ལྗོངས་ས་མཐོའི་སྨན་བཅོས་ཀྱི་རྣམ་པར་འགྱུར་ལྡོག་བཏང་བས་ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས“ཀྲུང་གོའི་སྨན་པ་ཡག་པོར”བདམས་པ་རེད།

    བོད་དང་ལས་དབང་འབྲེལ་དོན་ནི་ཚེ་སྲོག་གི་ཆེད་དུ་ཡིན།

    ལོ་མང་གོང་། ཀྲོའུ་ནན་བོད་དུ་ཡུལ་སྐོར་བྱེད་པར་ཡོང་སྐབས། གློ་ཚད་ཕོག་ནས་སྲོག་ཉེན་ཆེ་བའི་བགྲེས་སོང་ཞིག་བསྐྱབས་པ་རེད། ས་གནས་དེ་གར་སྨན་པ་དང་སྨན་དཀོན་པའི་གནས་ཚུལ་ཤེས་རྗེས་ཁོང་ལ་བོད་དུ་སྡོད་རྒྱུའི་བསམ་བློ་འཁོར།

    “པེ་ཅིང་དུ་སྨན་པ་མང་པོ་དེ་འདྲ་ཡོད་པས་གཅིག་ཐོལ་བ་དང་གཅིག་ཉུང་ཚེ་ཁྱད་པར་དེ་ཙམ་མེད། འོན་ཀྱང་བོད་དུ་བསྡད་ཚེ། ངས་ཚེ་སྲོག་དེ་བས་མང་པོ་སྐྱོབ་ཐུབ”ཅེས་ཤོད་བཞིན་དེ་ནས་བཟུང་ཁོང་དང་བོད་དབར་གྱི་ལས་དབང་གཅིག་ཏུ་འབྲེལ།

    བོད་དུ་སླེབས་མ་ཐག་པའི་ཉིན་ཁ་ཤས་ནང་ཁོང་ལ་ས་མཐོར་མི་འཕྲོད་པའི་སྣང་ཚུལ་མང་པོ་བྱུང་། འོན་ཀྱང་ཁོང་གིས་སྡུག་རུས་བྱས་ནས་འགག་གནད་དེ་ལས་སྒྲོལ། ཉིན་ལྟར་ཁོང་གིས་ནད་ཁང་དུ་ནད་པར་ལྟ་བ་འགྲོ་གི་ཡོད། “གལ་ཏེ་ཉིན་གཅིག་མ་ཕྱིན་པར་ནད་པར་འཐུས་ཤོར་ཕྱིན་ན་གང་འདྲ་བྱེད་དགོས་སམ”

    ཁོང་གིས་གཤིན་རྗེའི་ལག་ནས་སྲོག་ཉེན་འཕྲད་པའི་ཀླད་ནད་དང་ཁྲག་རྩའི་ནད་ཕོག་པའི་ནད་པ་མང་པོའི་ཚེ་སྲོག་བསྐྱབས་མྱོང་ཞིང་། ལོར་སྨན་ཁང་དུ་སྡོད་པའི་ནད་པ་ཆིག་སྟོང་ལྷག་ཙམ་དང་སྒོ་བསྟེན་སྨན་ཁང་གི་ནད་པ་སྟོང་ཕྲག་ཁ་ཤས་ལ་ནད་དཔྱད་བྱས་ཏེ“སྐྱོན་འཛོལ་གང་ཡང་མི་ལྷག་པ”དང“ཞུ་གཏུག་གང་ཡང་མི་ཕོག”བྱས་ཡོད།

    ཁོང་གི་གྲིབ་བརྙན་ད་དུང་ནག་ཆུ་དང་། འདམ་གཞུང་། ལྷོ་ཁ་སོགས་ཐག་རིང་ལུང་ཁུག་གི་འབྲོག་ཁུལ་དུ་མཐོང་རྒྱུ་ཡོད་ལ། ད་དུང་གྲོང་སྡོད་ལས་དོན་རུ་ཁག་གིས་འགྲམ་འགག་སྒོའི་སྨན་ཁང་ལ་རོགས་སྐྱོབ་བྱེད་པའི་ལས་དོན་ནང་ཡང་ཞུགས་མྱོང་ཡོད།

    དཀའ་བ་དུ་མ་སྤྱད་དེ་སྟོང་ཆ་སྣ་ཚོགས་གསབ་པ།

    “ནད་པ་ཞིག་གི་སྲོག་བསྐྱབས་ཚེ། གྲུབ་འབྲས་ཐོབ་པའི་ཚོར་སྣང་ཆེན་པོ་ཞིག་འདུག བློས་གཏོང་ག་ཚོད་བྱེད་དགོས་བྱུང་ཡང་ཚང་མ་བྱེད་རིན་འདུག ནད་པ་ནི་ང་རང་བོད་དུ་སྡོད་པའི་སྒུལ་ཤུགས་ཆེ་ཤོས་དེ་ཡིན”ཞེས་ཀྲོའུ་ནན་གྱིས་བཤད།

    འབྲེལ་ཡོད་ཁོའོ་ཧྲེ་མེད་པ་དང་སྨན་བཅོས་ཆ་རྐྱེན་ལ་ཚད་བཀག་ཡོད་པའི་རྐྱེན་གྱིས། 2013ལོར་ཀྲོའུ་ནན་དང་ལས་རོགས་ཚོས་བུ་མོ་སྒྲོལ་མའི་ཁྲག་སྐྲན་ནད་བཅོས་ཐུབ་མེད་པ་རེད།

    དེ་ནས་བཟུང་ངེས་པར་དུ་དེ་བས་ཆེད་ལས་ཀྱི་རིག་གཞུང་ཚན་ཁག་ཅིག་འཛུགས་དགོས་པ་ཀྲོའུ་ནན་ལ་མྱོང་ཚོར་ཟབ་མོ་བྱུང་།

    འོན་ཀྱང་ཚན་ཁག་གསར་པ་ཞིག་འཛུགས་དགོས་ན། དེ་བསམ་ཚོད་ལས་དཀའ་ལས་ཧ་ཅང་ཆེ་བ་ཡོད། དེས་ན་ཁོང་གིས་བོད་དང་པེ་ཅིང་དབར་རྒྱུགས་ནས་རང་ཉིད་ཀྱི་དགེ་རྒན་དང་པེ་ཅིང་ཞེ་ཧོ་སྨན་ཁང་གྲུམ་ནད་སྔོན་འགོག་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ཀྲང་ཧྥེང་ཁྲུན་ལ་རོགས་པ་བྱེད་རོགས་ཞུས། ཀྲང་ཧྥེང་ཁྲུན་གྱིས་ཞལ་འདེབས་བརྒྱབ་པའི་བྱེད་ཐབས་ཐོག་ནས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ལ་སྒོར་ཁྲི་100རི་བའི་སྒྲིག་ཆས་སྒྲིག་སྦྱོར་བྱས་ཐོག་འབྲེལ་ཡོད་ཀྱི་སྨན་བཅོས་ཐོན་ཁུངས་དང་ལག་རྩལ་གྱི་རོགས་སྐྱོར་བྱས།

    2014ལོར་སྒྲིག་ཆས་ཆ་ཚང་དང་ནད་དཔྱད་ལག་རྩལ་འཛོམས་པའི་གྲུམ་ནད་སྔོན་འགོག་ཁྲག་རྒྱུན་ཆེད་ཚན་ཞིག་བོད་དུ་བཙུགས་ནས་བོད་ཀྱི་གྲུམ་ནད་སྔོན་འགོག་སྨན་བཅོས་ཀྱི་སྟོང་ཆ་གསབ།

    འོད་ཟེར་ཆུང་ངུས་གཞན་ལ་འོད་སྣང་སྦྱིན།

    “དེ་སྔ་ང་རང་གཞན་དང་སྐད་ཆ་ཤོར་རྒྱུར་དགའ་པོ་མེད། འོན་ཀྱང་གྲུམ་ནད་སྔོན་འགོག་ཁྲག་རྒྱུན་ཆེད་ཚན་བཙུགས་རྗེས་ངས་ནད་པ་དེ་བས་མང་བའི་དོན་དུ་ངེས་པར་དུ་ལངས་ནས་སྐད་ཆ་ཤོད་དགོས་འདུག ”

    བོད་ཀྱི་གྲུམ་ནད་སྔོན་འགོག་ཁྲག་རྒྱུན་ཆེད་ལས་ཀྱི་སྤྱིའི་རིག་གཞུང་ཆུ་ཚད་མཐོ་རུ་གཏོང་ཆེད། ཁོང་གིས་སྣེ་ཁྲིད་དེ་གྲུམ་ནད་སྔོན་འགོག་ཁྲག་རྒྱུན་ཆེད་ལས་ཀྱི་རིག་གཞུང་ལྷན་ཚོགས་བཙུགས་ནས་ལོ་ལྟར་གྲུམ་ནད་ཀྱི་གླེང་སྟེགས་འཚོགས་ཀྱི་ཡོད། ད་དུང་ནད་པ་དེ་བས་མང་བར་ཕན་པ་ཐོབ་ཆེད། ཁོང་གིས་རང་ངོས་ཀྱི་འགོག་ནུས་ཞིབ་དཔྱད་དང་། སྐྱེ་དངོས་སྨན་སྦྱོར་སྨན་བཅོས། རྐང་མར་བརྟག་དཔྱད་གཤགས་བཅོས་སོགས་ཀྱི་ལས་སྒོ་མང་པོ་ཐོག་མར་སྤེལ་བ་རེད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་23ཉིན་འབྱོར་བའི་གློག་འཕྲིན་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།