དབུ་ཤོག>གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོང་ལས་ཀའི་ཕན་འབྲས་མངོན་གསལ་དོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-04-20

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་སྐོར་གྱི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་ནན་ཏན་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པ་དང་། “འཕེལ་རྒྱས་གཏོང་བར་སྣོད་བཅུད་ཁོར་ཡུག་བློས་གཏོང་གཏན་ནས་མི་བྱེད་པའི”བསམ་བློ་བརྟན་པོར་བཙུཌ་ཏེ་སྣོད་བཅུད་སྟོབས་ཆེའི་གྲོང་ཁྱེར་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཕན་འབྲས་ཡག་པོ་ཐོབ་པ་རེད།

    ལོ་ལྔའི་རིང་། ལྷོ་ཁ་གྲོང་ཁྱེར་གྱི་ཆུ་འགོའི་སྤུས་ཚད་ལོན་ཚད་100%ཟིན་པ་དང་། གཙང་པོ་དང་མཚེའུ་གཙོ་གྲས་རྒྱལ་ཁབ་ཀྱི་ཚད་གཞིར་ལོན་པའམ་ཡང་ན་དེ་ལས་ལྷག་པ་དང་། མཁའ་རླུང་གི་སྤུས་ཚད་ལེགས་ཚད་96%ཡན་རྒྱུན་འཁྱོངས་ཐུབ་པ། སྦགས་བཙོག་དངོས་པོ་གཙོ་བོའི་འབུད་གཏོང་སྤྱི་འབོར་དེ་རང་སྐྱོང་ལྗོངས་ཀྱིས་བཏོན་པའི་དམིགས་ཚད་ཁྱབ་ཁོངས་ནང་ཚོད་འཛིན་བྱས་པ་དང་། རྫོང་ཁོངས་ཁོར་ཡུག་གི་སྤུས་ཚད་དཔྱད་ཞིབ་ལོ་གསུམ་བསྟུད་མར་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་རེད།

    སྣོད་བཅུད་འཛུགས་སྐྱོང་ལ་སྐུལ་སྤེལ་བརྟན་པོ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་འཐུང་ཆུའི་ཆུ་ཁུངས་21དང་གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་ཁུངས་695ཡི་སྲུང་སྐྱོང་འདུ་འགོད་ལག་བསྟར་བྱས་ཤིང་། རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་ལེགས་པའི་རྫོང་2དང་། སྣོད་བཅུད་ལེགས་པའི་ཤང་དང་གྲོང་རྡལ་57 སྣོད་བཅུད་ལེགས་པའི་གྲོང་ཚོ་337བཅས་བདེ་བླག་ངང་བསྐྲུན་པ་མ་ཟད། ཁོར་ཡུག་ལྟ་སྡོམ་ལས་དོན་ཤུགས་ཆེན་སྤེལ་ནས་རིམ་རྩིས་བྱས་ན་མཉམ་འབྲེལ་ཁྲིམས་བསྟར་དང་ཆེད་དོན་ཁྲིམས་བསྟར་ཞིབ་བཤེར་ཐེངས་900བྱས་པ་དང་བཅོས་སྒྲིག་བྱ་རྒྱུའི་བརྡ་ཐོ་92བཏང་བ། ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་41ཐག་གཅོད་བྱས་པ། སྲིད་འཛིན་ཆད་གཅོད་ཀྱི་གཏན་འབེབས་ཡི་གེ་38བཏང་བ། ཆད་གཅོད་དངུལ་འབོར་སྒོར་ཁྲི་729ཟིན་པ། ཁེ་ལས་3ལ་སྐོང་འདྲི་བྱས་པ། ཡིག་སྐུར་ངོ་བཅར་ཁག་9དང“12369”ཁོར་ཡུག་སྲུང་སྐྱོང་གི་ཞུ་གཏུག་185ཐག་གཅོད་བྱས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།