དཔྱིད་རྨོད་དཔྱིད་འདེབས་ལས་དོན་ཡག་པོ་བསྒྲུབ་ཆེད། རང་ལྗོངས་ཀྱི་རིམ་ཁག་ཞིང་འབྲོག་སྡེ་ཚན་གྱིས་སྔ་ས་ནས་འཆར་འགོད་དང་བཀོད་སྒྲིག་བྱས་ཏེ་སོན་བཟང་སྙོམས་སྒྲིག་དང་། ཁྱིམ་ལུད་གསོག་པ། ཐོན་འབབ་དམའ་བའི་ཞིང་ཁ་སྒྱུར་བཀོད། ཞིང་ལས་རྒྱུ་ཆ་དབོར་འདྲེན་སོགས་ཀྱི་ལས་དོན་ཧུར་ཐག་སྤེལ་ནས་འདི་ལོའི་འབྲུ་རིགས་ཐོན་འཕར་དང་ཞིང་པར་འབབ་འཕར་ཡོང་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

འདི་ནི་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་མོ་གྲོང་གྲོང་ཚོའི་གྲོང་མིས་དེང་རབས་ཀྱི་འཕྲུལ་ཆས་ལ་བརྟེན་ནས་ཞིང་ཁ་སློག་པའི་གནས་ཚུལ་ཡིན་པ།

འདི་ནི་ཆུ་ཤུར་རྫོང་མཉེས་ཐང་ཤང་རྭ་སྟོད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིས་ཞིང་ནང་དུ་བསྐྱོད་དེ་ཞིང་པ་དང་མཉམ་དུ་རྨོད་འདེབས་ལས་ལ་ཞུགས་པ།