ཏང་གི་མི་རིགས་སྲིད་ཇུས་ནི་ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་གཞི་འཛིན་སའི་བྱ་ཐབས་ཤིག་དང་མི་རིགས་འབྲེལ་བ་མཐུན་སྦྱོར་བྱེད་པའི་ཚད་གཞི་ཞིག་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་རང་རེའི་ཏང་གི་མར་ཁེ་སེ་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་དང་ཀྲུང་གོའི་དོན་དངོས་ཟུང་འབྲེལ་བྱས་པའི”མི་རིགས་འདྲ་མཉམ” དང་”མི་རིགས་མཐུན་སྒྲིལ” “མི་རིགས་ས་ཁོངས་རང་སྐྱོང” ”མི་རིགས་ཁག་དར་རྒྱས་གོང་འཕེལ”བཅས་གཞི་རྩའི་རྩ་དོན་དུ་བྱེད་པ་དང་། ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་སོགས་ཕྱོགས་གང་ས་ཅི་ཐད་ཚུད་པའི་མི་རིགས་སྲིད་ཇུས་ཀྱི་མ་ལག་ཅིག་ཆགས་ཡོད། ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འཕྲོ་བའི་འོག་རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་རྣམ་པ་དང་། མི་རིགས་ས་ཁུལ་གྱི་རྣམ་པ། མི་རིགས་འབྲེལ་བའི་རྣམ་པ་བཅས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དང་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་ཕྱིན་ཏེ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་གྲུབ་འབྲས་ཆེན་པོ་ཐོབ་ཡོད།
ཏང་གི་མི་རིགས་སྲིད་ཇུས་ནི་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་ལྟ་བུ་ཞིག་ཡིན་ཞིང་། ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཚེ་གཞི་ནས་གྲངས་ཉུང་མི་རིགས་ས་ཁུལ་གྱི་བྱ་གཞག་ཁག་སྐྱོན་བྲལ་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་པ་དང་མི་རིགས་མཐུན་སྒྲིལ་གཞི་ནས་སྔར་ལས་ལྷག་པའི་ངང་སྲ་བརྟན་དུ་གཏོང་ཐུབ་པ་དོན་དངོས་ལས་ར་འཕྲོད་བྱུང་ཡོད།(བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། པདྨ་རྡོ་རྗེ)