དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་ཉི་འོད་ཇི་བཞིན་ས་མཐོའི་ས་ཕྱོགས་གང་སར་ཁྱབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-03-26

    ལྕང་ལོ་ཁང་གསར་སྡེ་ཁུལ་ནི་1988ལོར་བཙུགས་པ་དང་གཞིས་རྩེ་གྲོང་ཁྱེར་གྱི་ནུབ་བྱང་ཕྱོགས་སུ་གནས་ཤིང་། ཁོངས་གཏོགས་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་0.8ཟིན་པར་ཁྱོན་དུད་ཚང་741དང་མི་2426ཡོད་པ་རེད།

    དེ་ནི་མི་རིགས་མང་པོ་འདུས་སྡོད་ཀྱི་སྡེ་ཁུལ་ཞིག་ཡིན་ལ། བོད་རིགས་དང་། རྒྱ་རིགས། ཧུད་རིགས་བཅས་ཀྱི་མང་ཚོགས་དེ་གར་མཉམ་དུ་འཚོ་བ་སྐྱེལ་གྱི་ཡོད།

    དེ་ནི་མི་རིགས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྡེ་ཁུལ་ཞིག་ཡིན་ཞིང་། དེ་སྔོན་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གི་མཉམ་སྡེབ་དང་། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་དཔེ་སྟོན་སྡེ་ཁུལ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མྱོང་ཡོད།

    ཉེ་བའི་ལོ་ཤས་རིང་། སྡེ་ཁུལ་དེས་སློབ་སྦྱོང་ལ་དམ་འཛིན་དང་། མཐུན་སྒྲིལ་བརྩོན་ལེན། དཔེ་མཚོན་གཏོད་པ། ཆ་སྒྲིག་བྱེད་པ། བརྟན་ལྷིང་ཡོང་བར་བསམ་གཞིག འཕེལ་རྒྱས་ལ་སྐུལ་མ་གཏོང་བ་བཅས་བརྗོད་དོན་གཙོ་བོར་བརྩི་རྒྱུ་མཐའ་འཁྱོངས་བྱས་པ་དང་། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དེ་དམ་འཛིན་བྱ་གཞིར་བརྩིས་ནས“དམངས་སེམས་ཐོབ་པའི་འདུ་འགོད”ལག་བསྟར་ཤུགས་ཆེན་བྱས་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་ཡོད་པ་རེད།

    དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་ནི་སྡེ་ཁུལ་དེས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་དམ་འཛིན་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན། དེར་བརྟེན། སྡེ་ཁུལ་གྱིས་ཆེད་དམིགས་མི་རིགས་མཐུན་སྒྲིལ་ལས་དོན་ལ་དམ་འཛིན་བྱེད་པའི་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་གཅིག་གྱུར་བཀོད་སྒྲིག་གིས་འགན་འཁྲི་གསལ་བཟོ་དང་ལས་འགན་ཞིབ་ཚགས་སུ་བཏང་བ་རེད།

    མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་འགྲེམས་པང་བཟོ་བ་དང་། སྦྱར་ཡིག་སྦྱོར་བ། ཤེས་བྱའི་འགྲན་བསྡུར་གཉེར་བ། བཞུགས་མོལ་ཚོགས་འདུ་འཚོགས་པ་སོགས་ཕུད། སྡེ་ཁུལ་དེས་མི་རིགས་སྒྱུ་རྩལ་ཚོགས་པ་དང་ཡིག་རྨོངས་སེལ་བའི་འཛིན་གྲྭའང་གཉེར་བ་རེད། མི་རིགས་སྒྱུ་རྩལ་ཚོགས་པས་ཟླ་རེར་སྡེ་ཁུལ་ལ་རང་འཁྲབ་རང་རྩོམ་བྱས་པའི་རིག་རྩལ་འཁྲབ་སྟོན་རེ་བྱེད་ཀྱི་ཡོད་པ་དང་། 2009ལོ་ནས་བཟུང་འཁྲབ་སྟོན་ཐེངས་79བྱས་པར་གཟིགས་མོ་བ་མི་ཐེངས་20000ཟིན་པ་དང་། རྣམ་པ་ལྟ་འདོད་ཅིང་ཉན་སྤྲོ་བ་དང་ནང་དོན་མང་ཚོགས་དང་ཉེ་བཅར་ཡོད་པ་རེད། ཡིག་རྨོངས་སེལ་བའི་འཛིན་གྲྭའི་དགེ་རྒན་ནི་སྡེ་ཁུལ་གྱི་རྒན་ཡོལ་ཞུས་པའི་རྒན་རྒོན་ཡིན་པ་དང་སྡེ་ཁུལ་གྱི་ཡིག་རྨོངས་མང་ཚོགས་ལ་དམིགས་ནས་རིན་མེད་ངང་སློབ་སྦྱོང་ཟུར་ཁྲིད་བྱས་པ་རེད།

    “གཞན་ཡང་། ང་ཚོས་ད་དུང་སྡེ་ཁུལ་གྱི་སྔོན་བསྟར་ལས་དོན་གྱི་ཁ་ཕྱོགས་ཧུར་ཐག་ཆགས་པར་བྱས་ནས་མང་ཚོགས་ལ་དཀའ་ངལ་དང་དགོས་མཁོ་ཡོད་དུས། ཐོག་མར་ཡིད་ལ་འཁོར་བ་ནི་སྡེ་ཁུལ་འཚོལ་རྒྱུ་དེ་ཡིན”ཞེས་ལྕང་ལོ་ཁང་གསར་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲན་ཡུང་གིས་བཤད། འགལ་བ་སྡེ་ཁུལ་དུ་སེལ་བ་དང་སྡེ་ཁུལ་གྱི་ཞི་མཐུན་གཏོད་རྒྱུ་ནི་སྡེ་ཁུལ་གྱིས་སྔོན་བསྟར་ལས་ཀའི་བྱེད་ཐབས་ཁྱབ་སྤེལ་གཏོང་བའི་མཛུབ་ཁྲིད་བསམ་བློ་རེད།

    “སྡེ་ཁུལ་ཉིད་མང་ཚོགས་ཀྱི་བརྟེན་ས་དང་པོར་འགྱུར་བར་བྱེད་འདོད་ན། ངེས་པར་དུ་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་བསྐྲུན་དགོས་པ་དང་། སྡེ་ཁུལ་གྱི་ཏང་ཀྲི་པུའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་འཐབ་ཕྱོགས་དང་པོར་བསྐྱོད་ནས་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་དགོས”ཞེས་ཀྲན་ཡུང་གིས་ཚོར་སྣང་ཟབ་མོའི་སྒོ་ནས་བཤད། ལྕང་ལོ་ཁང་གསར་སྡེ་ཁུལ་གྱིས“མང་ཚོགས་ཀྱི་སར་མང་ཙམ་བསྐྱོད་པ་དང་། འདྲི་རྩད། ཤེས་རྟོགས་བཅས་ལ་གཞོལ”བའི“གཞོལ་གསུམ”ལས་དོན་གྱི་རྣམ་འགྱུར་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་པ་དང་། མང་ཚོགས་ཀྱི་འཁྲིས་སུ་བཅར་ནས་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་དགོས་མཁོ་གང་ཡིན་པ་ཤེས་རྟོགས་ཞིབ་ཕྲ་བྱས་ནས་མང་ཚོགས་ཀྱི་ཡིད་ཆེས་ཏན་ཏིག་ཐོབ་པ་བྱས་པ་རེད།

    དམངས་སྲོལ་བྱེད་སྒོའི་ལྟེ་གནས་ནི་སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་སྒྲུབ་པའི་བཀྲག་མདངས་འཚེར་ས་གཞན་ཞིག་རེད།

    2015ལོར་སྡེ་ཁུལ་གྱིས་ཕྱོགས་ཁག་གི་སྟོབས་ཤུགས་བརྩོན་ལེན་བྱས་ནས་དམངས་སྲོལ་བྱེད་སྒོའི་ལྟེ་གནས་བསྐྲུན་པ་དང་། དེའི་བཟོ་བཀོད་ཐད་རྒྱ་བོད་ཀྱི་མཛེས་རྒྱན་སྤྲས་པ་དང་། ཚོམས་ཆེན་དང་། ཐབ་ཚང་། གསང་སྤྱོད། ལུས་སྦྱོང་སྒྲིག་བཀོད་སོགས་གང་དགོས་འཛོམས་ཡོད། ལྟེ་གནས་དེས་སྡེ་ཁུལ་གྱི་མང་ཚོགས་ལ་རིན་མེད་ངང་སྒོ་མོ་ཕྱེ་ཡོད་པ་དང་། གཉེན་སྒྲིག་སྟོན་མོ་དང་། སྐྱེས་སྐར་རྟེན་འབྲེལ། རོལ་རྩེད་བྱེད་སྒོ་སོགས་མང་ཚོགས་ལ་དགོས་མཁོ་གང་ཞིག་ཡོད་ན་དེ་གར་གཉེར་ཆོག་པས་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།