དབུ་ཤོག>གསར་འགྱུར།
  • ཤིན་ཅང་གི་སྦྱིན་བདག་ཅིག་གིས་བོད་ལ་བཅངས་པའི་བརྩེ་སེམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-03-14

    ལྷ་སའི་བོད་རིགས་ཀྱི་གྲོང་མི་མང་པོའི་ཁྱིམ་གྱི་ཚོམས་ཁང་དུ་རྒུན་འབྲུམ་དང་། སྟར་ཁ། འབྲས་མེ། ཁམ་བུ་སོགས་ཤིང་འབྲས་སྐམ་པོ་རྒྱུན་གཏན་གྱི་ཁ་ཟས་སུ་གྱུར་ཡོད། ཤིང་འབྲས་སྐམ་པོ་དེ་དག་ཡུ་གུར་རིགས་ཀྱི་སྤུན་ཟླའི་ཤིང་འབྲས་ཚོང་ཁང་ནས་ཉོས་པ་ཤ་སྟག་རེད།

    བར་སྐོར་ཁྲོམ་གཞུང་དུ་སྐྱོད་སྐབས་ཤིང་འབྲས་སྐམ་པོའི་ཚོང་ཁང་ཧ་ཅང་མང་པོ་མཐོང་རྒྱུ་ཡོད།

    1992ལོར་ཕ་དང་མཉམ་དུ་ལྷ་སར་སླེབས་པ་དང་། ཐོག་མར་ལམ་ཟུར་དུ་ཁྲོམ་བཏོན་ནས་ཤིང་འབྲས་སྐམ་པོ་འཚོང་མཁན་ཨ་པུ་ཏུ་ལི་ཨའེ་ཙ་ཙེ་ད་ཆ་ལོ་41ལ་སླེབས་ཡོད། མི་རིགས་མང་པོ་འདུ་འཛོམས་བྱེད་པའི་གནའ་གྲོང་ལྷ་ས་ནས་ད་ཆ་ཁོང་གིས་རྒྱ་སྐད་ཤེས་པ་མ་ཟད། ད་དུང་བོད་སྐད་ཆུ་རྒྱུག་རྒྱུག་བརྒྱབ་ནས་ལྷ་སའི་མང་ཚོགས་དང་གླེང་མོལ་བྱེད་ཀྱི་ཡོད།

    ལོ་མང་རིང་གི་འབད་བརྩོན་བརྒྱུད་ཨ་པུ་ཏུ་ལི་ཨའེ་ཙ་ཙེའི་ཤིང་འབྲས་སྐམ་པོའི་ཚོང་ཁང་ནས་ལོ་ལྟར་ཤིང་འབྲས་སྐམ་པོ་ཏུན་600ཙམ་བཙོངས་པར་སྒོར་ཁྲི་2000ཙམ་ཟིན་གྱི་ཡོད་པར་བརྟེན་ཁོང་གིས་གནས་དེ་ག་ནས་མི་10གླ་པར་གླས་པ་དང། རྒྱ་ཁྱོན་ལ་སྨི་ངོས་གྲུ་500ཙམ་ཟིན་པའི་ཐོག་བརྩེགས་གསུམ་ལྡན་གྱི་ཁང་པ་ཞིག་བརྒྱབ་སྟེ་གཉེར་སྐྱོང་གི་གཞི་ཁྱོན་རྒྱ་ཆེར་བཏང་བ་ལས། ལྷ་ས་གྲོང་ཁྱེར་དུ་སྐད་གྲགས་ལྡན་པའི་ཤིན་ཅང་གི་སྦྱིན་བདག་ཅིག་ཏུ་གྱུར་ཡོད།

    ཕྱུག་པོ་ཆགས་པའི་ཨ་པུ་ཏུ་ལི་ཨའེ་ཙ་ཙེས་ལྷ་ས་སྔ་ས་ནས་རང་གི་ཕ་ཡུལ་གཉིས་པར་བརྩི་གི་ཡོད། 1992ལོ་ནས་2012ལོ་བར་གྱི་ལོ་20ཡི་རིང་བོད་ཀྱི་ལོ་གསར་སླེབས་རིམ་བཞིན་ཁོང་གིས་གནས་དེ་གའི་མང་ཚོགས་དབུལ་པོར་ཤིང་འབྲས་སྐམ་པོ་སྤྲོད་པ་མ་ཟད། ད་དུང་གཞིས་རྩེ་དང་ཆབ་མདོ་ས་ཁུལ་གྱི་གནོད་འཚེ་ཕོག་ཁུལ་སོ་སོར་སྒོར་5000ཞལ་འདེབས་བརྒྱབ་པ་རེད།

    ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་དབང་གིས་སློབ་གྲྭ་ནས་ཕྱིར་འཐེན་བྱས་པའི་ཨ་པུ་ཏུ་ལི་ཨའེ་ཙ་ཙེས་རིག་གནས་ཤེས་བྱའི་གལ་ཆེའི་རང་བཞིན་གསལ་པོ་ཤེས་ཀྱི་ཡོད། དེར་བརྟེན་ལྷ་སའམ་ཡང་ན་རང་ཉིད་ཀྱི་ཕ་ཡུལ་གང་དུ་ཡིན་རུང་། ཁོང་གིས་བྱིས་པ་དབུལ་པོ་སློབ་གྲྭར་འགྲོ་བའི་གནད་དོན་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།

    ན་ནིང་གི“དྲུག་གཅིག”བྱིས་པའི་དུས་ཆེན་སྐབས། ཁོང་གིས་ལྷ་ས་གྲོང་ཁྱེར་གྱི་སློབ་ཆུང་ལ་སྒོར་10000ཞལ་འདེབས་བརྒྱབ་ནས་ས་གནས་དེ་གའི་བྱིས་པ་དབུལ་པོར་རོགས་རམ་བྱས་པ་རེད།

    “བདུན་གཅིག”རིང་། ཁོང་གིས་ད་དུང་སྒོར་ཁྲི་2.8བཏང་ནས་དཀའ་ངལ་ཡོད་པའི་སློབ་མ་10དང་། རྒན་རྒོན་དབུལ་པོ་10 དེ་བཞིན་མང་ཚོགས་དབུལ་པོའི་དུད་ཚང་12ལ་རོགས་རམ་བྱས་པ་རེད།

    ལོ་མང་རིང་ཨ་པུ་ཏུ་ལི་ཨའེ་ཙ་ཙེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མངའ་ཁོངས་ཀྱི་གྲོང་ཚོ་ཨུ་ལྷན་དང་གྲོང་མི་ཨུ་ལྷན་ལ་ཞལ་འདེབས་དང་། དུད་ཚང་དབུལ་པོ་དང་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་སྤྲད་པའི་འཚམས་འདྲིའི་དངུལ་བསྡོམས་ན་སྒོར་ཁྲི་15ལས་བརྒལ་ཡོད།

    ཨ་པུ་ཏུ་ལི་ཨའེ་ཙ་ཙེ་ད་དུང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ཕྱུག་འགྱུར་འཇོན་ཐང་ཅན་དུ་གྱུར་ནས་མི་དེ་བས་མང་བའི་ལས་བརྩོན་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་མུས་ལགས། ཁོང་གིས་བྱ་སྤྱོད་དངོས་ལ་བརྟེན་ནས་བློ་ཁ་ཏང་རྩ་འཛུགས་ལ་ཕྱོགས་ཏེ་སྔ་ཙམ་ཏང་རྩ་འཛུགས་ཀྱི་ཁོངས་མི་ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བརྗོད།

    2017ལོར་ཁོང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་བར་བདམས་པ་དང་དུས་མཚུངས། ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་བའི་འོས་མིར་འོས་སྦྱོར་བྱས་པ་རེད།

    “ད་ཆ་ང་ཚོའི་འཚོ་བའི་ཆ་རྐྱེན་དེ་བས་ལེགས་སུ་ཕྱིན་པ་དང་། ངའི་ཚོང་ཡང་ཡག་ཏུ་འགྲོ་བཞིན་ཡོད་པས། དེ་དག་ཚང་མ་ནི་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་དང་ཁ་འབྲལ་ཐབས་མེད། ང་ལ་རོགས་རམ་མང་པོ་དེ་འདྲ་ཐོབ་པ་ལས་དེ་རིང་གི་འཚོ་བ་ཡག་པོ་འདི་བྱུང་བ་དང་། བོད་རིགས་སྤུན་ཟླ་ནི་ངའི་གཉེན་ཉེ་ཡིན་པས་གཉེན་ཉེར་དཀའ་ངལ་འཕྲད་སྐབས་ངས་ཁོང་ཚོར་རོགས་རམ་ལོས་བྱེད་དགོས”ཞེས་ཨ་པུ་ཏུ་ལི་ཨའེ་ཙ་ཙེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།