དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་གྱི་ལེའུ་ཡག་པོ་རྩོམ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཀྲེན་ལུའུ།   |     སྤེལ་དུས།  2018-02-23

    ད་ཕན་ལོ་ཤས་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་ཧྭ་བུ་ཕྲུག་ཚོས་ཀུན་སེམས་གཅིག་སྒྲིལ་དང་ལྟ་རེས་སྐྱོང་རེས་བྱས་ནས་ཀྲུང་གོའི་ས་གཞི་ཆེ་མོའི་ཐོག་རེ་བའི་ས་བོན་བཏབ་ནས་འབད་འཐབ་ལམ་བུའི་ཐོག་ལེའུ་གསར་པ་བརྩམས་པ་དང་། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གང་སར་བཞད་དེ་མེས་རྒྱལ་འདི་ཉིད་དེ་བས་བཀྲག་མདངས་འཚེར་བར་བྱས། མི་རིགས་མཐུན་སྒྲིལ་གྱི་མཛེས་སྡུག་ལྡན་པའི་ལེའུ་མུ་མཐུད་རྩོམ་དགོས་ན། ཚང་མས་ཐོག་མའི་བསམ་འདུན་མ་བརྗེད་པར་ཡང་འབད་བསྐྱར་འབད་བྱེད་དགོས།

    མི་རིགས་མཐུན་སྒྲིལ་ནི་ང་ཚོས་ལས་དོན་མཐའ་དག་ཡག་པོ་བསྒྲུབ་པའི་བསམ་བློའི་ཀ་རྟེན་ལྟ་བུ་རེད། འབྲེལ་ཡོད་སྡེ་ཚན་ཁག་གིས་ཁྲིད་སྟོན་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་དགོས། རང་སྐྱོང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དེ་མི་རིགས་ཁག་གི་བུ་ཕྲུག་གི་ཀུན་སྤྱོད་སློབ་གསོའི་ནང་དོན་གལ་ཆེན་དུ་བརྩིས་ནས་ལོ་ལྟར་གྱི་ཟླ་དགུ་པ“མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་ཟླ་བར”གཏན་འཁེལ་བྱས་ཡོད། ང་ཚོས་བྱེད་སྒོ་དང་མཚམས་ཚིག་དེ་དག་གོ་སྐབས་སུ་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་སློབ་གསོ་མུ་མཐུད་སྤེལ་ནས་བསམ་བློའི་ཐད་མི་རིགས་ཁག་གི་བུ་ཕྲུག་གི་མཐུན་སྒྲིལ་འདུ་ཤེས་བཙུགས་ནས་སླད་ཕྱིན་གྱི་ལས་དོན་ལ་བསམ་བློའི་རྨང་གཞི་བརྟན་པོ་འདིང་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་མཐུན་སྒྲིལ་ལས་དོན་གྱི་གཙོ་གནད་དེ་སྙིང་གཏམ་ཤོད་རེས་དང་རང་སར་གཞན་འཇོག་དང་གཞན་སར་རང་འཇོག་བྱས་ནས་སེམས་པ་བརྗེ་རེས་བྱ་རྒྱུ་དེ་ཡིན”ཞེས་གསུངས་ཡོད། སྨྱུག་འཛིན་པས། སྤེལ་རེས་བྱ་རྒྱུ་དེ་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པ་དང་དེས་མི་རིགས་མཐུན་སྒྲིལ་གྱི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་རྒྱུར་ཕན་ཐོགས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་གནས་ཁག་དང་ཚན་པ་ཁག་གིས་ལས་བྱེད་པའི་གྲོང་སྡོད་ལས་དོན་དང་དེ་བཞིན“ཆ་སྒྲིག་གཉེན་འཚོལ་དང་གྲོགས་སྒྲིག”སོགས་ཀྱི་བྱེད་སྒོ་བརྒྱུད་དེ་མི་རིགས་ཁག་གི་གཅེན་གཅུང་རྣམས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་རིང་གཅིག་སེམས་གཅིག་སྦྲེལ་ཐུབ་པ་བྱས་ཏེ་རྒྱུན་ཆད་མེད་པར་སེམས་པ་གཅིག་ཏུ་སྒྲིལ་ཐུབ་པ་བྱེད་དགོས།

    མི་རིགས་མཐུན་སྒྲིལ་ནི་སྤྱི་ཡོངས་དང་འབྲེལ་བ་ཡོད་ལ་འགན་འཁྲི་ཡང་ལྕི་པོ་ཡོད། མིག་སྔར་རང་ལྗོངས་འདི་ཉིད་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། ང་ཚོས་ངེས་པར་དུ་འཐབ་ཇུས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་དང་། ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་སྒྲེང་བ། མི་རིགས་ཁག་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་གྱི་བརྗོད་དོན་གཙོ་བོ་སྟངས་འཛིན་ནན་པོ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་མཐུན་སྒྲིལ་གྱི་ཡང་དག་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་ཡར་ཐོན་བྱ་གཞག་ཕྱོགས་ཡོངས་ནས་མདུན་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།