དབུ་ཤོག>གསར་འགྱུར།
  • འཇོ་མདའ་རྫོང་སྨན་ཁང་གི་སྨན་བཅོས་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-02-16

    ཉེ་བའི་ལོ་ཤས་རིང་། ཐེན་ཅིན་གྲོང་ཁྱེར་ཅིང་ཧའེ་ཆུས་མི་དམངས་སྨན་ཁང་དང་། ཐེན་ཅིན་གྲོང་ཁྱེར་ཉིང་ཧོ་ཆུས་མི་དམངས་སྨན་ཁང་། ཐེན་ཅིན་གྲོང་ཁྱེར་ཐའེ་ཏཱ་སྨན་ཁང་བཅས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་འཇོ་མདའ་རྫོང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག འཇོ་མདའ་རྫོང་མི་དམངས་སྨན་ཁང་གི་མཉེན་ཆས་དང་མཁྲེགས་ཆས་སྒྲིག་བཀོད་ཉིན་རེ་ལས་མ་འདས་པར་འཐུས་སྒོ་ཚང་དུ་ཕྱིན་པ་རེད།

    མ་དངུལ་བཏང་ནས་སྨན་བཅོས་ཁོར་ཡུག་དང་མཁྲེགས་ཆས་སྒྲིག་བཀོད་ལེགས་སུ་བཏང་ཞིང་། ནད་སྡོད་པུའུ་2016ལོར་གསར་སྐྲུན་རྒྱས་སྐྲུན་བྱས་རྗེས། ནད་ཁང་མང་དུ་ཕྱིན་པ་མ་ཟད། ད་དུང་ནད་ཁང་རེར་གསང་སྤྱོད་རེ་དང་། ནད་ཁང་ནང་གསོ་རླུང་མཁོ་འདོན་འཕྲུལ་ཆས་དང་དྲོད་འདོན་སོགས་ཀྱི་སྒྲིག་བཀོད་བསྒར་ནས་ནད་པའི་ནད་སྡོད་ཆ་རྐྱེན་དང་ཁོར་ཡུག་སྔར་བས་ཡག་ཏུ་བཏང་བ་རེད།

    གླ་ཕོགས་མཐོ་རུ་བཏང་ནས་འཕྲོད་བསྟེན་ཆེད་ལས་མི་སྣ་ནང་འདྲེན་ཤུགས་ཆེན་བྱས་ཤིང་། ཀན་སུའུ་དང་། ཡུན་ནན། ཀུའེ་ཀྲོའུ། སི་ཁྲོན། མཚོ་སྔོན། ཁྲུང་ཆིང་སོགས་ནས་སྨན་བཅོས་འཕྲོད་བསྟེན་ཆེད་ལས་མི་སྣ་35ནང་འདྲེན་གྱིས་སྨན་དོན་མི་སྣ་དཀོན་པའི་གནས་ཚུལ་ཞི་ལྷོད་དུ་ནུས་ལྡན་བཏང་ནས་སྨན་ཁང་གི་ལས་དོན་ཁག་ནུས་ལྡན་སྤེལ་རྒྱུ་འགན་ལེན་བྱས་པ་རེད།

    གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ལས་སྒོའི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ཞིང་། 2017ལོར། འཇོ་མདའ་རྫོང་མི་དམངས་སྨན་ཁང་གིས་ལོ་ཕྱེད་ནང་སྨན་དོན་མི་སྣ་3རེ་ཐེན་ཅིན་གྲོང་ཁྱེར་གྱི་སྨན་ཁང་གསུམ་དུ་ལས་སྒོ་གསོ་སྦྱོང་དང་སློབ་སྦྱོང་བྱེད་པར་མངགས་པ་དང་། དུས་ཡུན་ཟླ་དྲུག་གི་གསོ་སྦྱོང་དང་སློབ་སྦྱོང་མཇུག་འགྲིལ་རྗེས། སྨན་དོན་མི་སྣས་རང་རྐྱ་འཕེར་བའི་ངང་ལས་སྒོ་སྒྲུབ་པའི་འཇོན་ཐང་ཆེ་རུ་སོང་ནས་ལས་སྒོའི་ཆུ་ཚད་དང་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད།

    ལོ་ལྔའི་ཁ་གཏད་བོད་སྐྱོར་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། ཉེ་བའི་ལོ་གཉིས་རིང་། ཐེན་ཅིན་གྲོང་ཁྱེར་གྱི་སྨན་ཁང་གསུམ་གྱིས་ལོ་ཕྱེད་ནང་བོད་སྐྱོར་སྨན་པ་དྲུག་རེ་འཇོ་མདའ་རྫོང་སྨན་ཁང་དུ་རོགས་སྐྱོར་ལས་དོན་སྤེལ་བར་མངགས་པ་དང་། ད་ཆ་སྨན་བཅོས་ཚོགས་པ་ཁག་གསུམ་གྱི་སྨན་པ་18ཀྱིས་འཇོ་མདའ་རྫོང་མི་དམངས་སྨན་ཁང་དུ་སྨན་བཅོས་རོགས་སྐྱོར་བྱེད་བཞིན་ཡོད་པ་རེད། བོད་སྐྱོར་སྨན་པས་ཆེད་ལས་རྩལ་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་སློབ་ཚན་80ལྷག་ཁྲིད་པ་དང་། ནད་སྐོར་ཐེངས་220ལྷག་བརྒྱབ་པ། གཤགས་བཅོས་འབྲིང་ཆུང་རིགས་200ཙམ་བྱ་རྒྱུའི་རོགས་ཁྲིད་བྱས་པ་དང་། བོད་སྐྱོར་སྨན་པའི་མཛུབ་ཁྲིད་འོག འཇོ་མདའ་རྫོང་མི་དམངས་སྨན་ཁང་གིས་ཉེ་བའི་ལོ་ཤས་རིང་གི་བུ་སྣོད་བཀོག་པའི་གཤགས་བཅོས་དང་དེ་བཞིན་བུ་སྣོད་གཤགས་ནས་ཕྲུ་གུ་ལེན་པའི་གཤགས་བཅོས་དང་པོ་ལེགས་སྒྲུབ་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།