དབུ་ཤོག>གསར་འགྱུར།
  • མཐུན་སྒྲིལ་ཕུཌ་འདུན་འགྲུབ་ལ་བརྩོན།འཕེལ་རྒྱས་ཕུཌ་འདུན་དོན་དུ་གཉེར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཀྲའོ་ལིས།   |     སྤེལ་དུས།  2018-02-07

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོས་མི་ཆོས་ཅན་དང་། སྤྱི་དམངས་ཅན། དངོས་གཉེར་ཅན་བཅས་ཀྱི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ནས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་འགྲུབ”ཅེས་པའི་སྤྱིའི་བླང་བྱར་དམིགས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད། རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོས་མི་རིགས་མཐུན་སྒྲིལ་ལས་དོན་ལ་ལམ་བུ་འཚོལ་ཞིབ་དང་། ཉམས་མྱོང་ཕྱོགས་སྡོམ། བསླབ་བྱ་གསོག་འཇོག་བཅས་བྱས་ཡོད།

    སྐུལ་སློང་རྒྱ་ཁྱབ་དང་དམངས་ཡོངས་ཞུགས་རྒྱུ་མཐའ་འཁྱོངས་བྱེད་དགོས། གཏོད་པའི་བྱེད་སྒོ་མ་གཞི་ནས་མང་ཚོགས་ཀྱི་ལག་ལེན་ལས་བྱུང་བ་ཞིག་ཡིན་པས་མི་རིགས་ཁག་གི་མང་ཚོགས་ནི་གསར་གཏོད་བྱེད་སྒོའི་རྩ་བའི་སྒུལ་ཤུགས་རེད། མི་རིགས་ཁག་གི་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་རྒྱ་ཁྱབ་བྱེད་པ་དང་། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་ནང་དོན་དང་བྱ་ཐབས་ལ་བརྟེན་ནས་མང་ཚོགས་ཀྱི་བློ་ཡིད་འགུག་པ། མང་ཚོགས་ལ་བྱ་བ་དངོས་དང་བཟང་པོ་སྒྲུབ་པ་བཅས་ཀྱིས་དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་མང་ཚོགས་ལ་སྐུལ་ལྕག་བྱས་ཚེ་གསར་གཏོད་ཀྱི་བྱེད་སྒོར་རྒྱ་ཆེ་ལ་གཏིང་ཟབ་པའི་མང་ཚོགས་ཀྱི་རྨང་གཞི་ཐོབ་པ་དང་། གཞི་ནས་གྲུབ་འབྲས་བཟང་པོ་ཐོབ་པ་དང་ཕན་འབྲས་ཐོན་གྱི་ཡོད།

    དཔེ་མཚོན་གསོ་སྐྱོང་དང་དཔེ་སྟོན་སྣེ་ཁྲིད་མཐའ་འཁྱོངས་བྱེད་དགོས། མིག་དཔེའི་ནུས་པར་རྫོགས་མཐའ་མེད། དཔེ་མཚོན་ཅན་ཞིག་གསོ་སྐྱོང་བྱས་ཚེ་མི་མང་པོ་ཞིག་ལ་སློབ་གསོ་ཐེབས་པ་དང་། མི་མང་པོ་ཞིག་ལ་སྐུལ་ལྕག་ཐུབ་པ། མི་མང་པོ་ཞིག་ལ་སྐུལ་ཁྲིད་ཐུབ་པ་བཅས་བྱུང་ནས་ངལ་ཆུང་འབྲས་ཆེའི་ནུས་པ་ཐོན་གྱི་ཡོད། མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཚན་པ་གཏོད་པར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྟན་ལྷིང་ལ་ཞབས་འདེགས་ཞུ་བའི་སྤྱི་ཡོངས་ལ་དམིགས་ནས་ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གསར་གཏོད་བྱེད་སྒོར་ཇུས་འགོད་དང་སྐུལ་འདེད་གཏོང་དགོས།

    གསར་གཏོད་ཀྱི་བར་མཐོངས་རྒྱ་ཆེར་བཏང་ནས་གྲོང་ཁྱེར་གྱི་མི་རིགས་ལས་དོན་གཏིང་ཟབ་སྤེལ་དགོས། གྲོང་ཁྱེར་གྱི་གྲངས་ཉུང་མི་རིགས་ཀྱི་ཕྱོགས་མི་མང་དུ་འགྲོ་བའི་དུས་བབ་གསར་པའི་མདུན་དུ་གྲོང་ཁྱེར་གྱི་མི་རིགས་ལས་དོན་དང་ལྗོངས་ཡོངས་ཀྱི་མི་རིགས་ལས་དོན་མཉམ་དུ་ཇུས་འགོད་དང་མཉམ་དུ་བཀོད་སྒྲིག་བྱས་ཏེ་མི་རིགས་འབྲེལ་བའི་ལྟ་ཞིབ་ཚད་ལེན་མ་ལག་དང་གྲངས་ཉུང་མི་རིགས་ཀྱི་ཕྱོགས་མིར་ཞབས་ཞུ་དོ་དམ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།