བྲིན་ཁ་རྒྱུག་པའི་ཟོམ་པ་ལྷམ་བཟོ་བའི་ལག་རྩལ་ལ་བརྟེན་ནས་དབུལ་སྐྱོར་བྱས་པ།
ཉེ་བའི་ལོ་ཤས་ནང་རང་ལྗོངས་ཀྱི་མི་རིགས་གྱོན་ཆས་ཐོན་ལས་ལ་འཕེལ་རྒྱས་མྱུར་པོ་བྱུང་ནས་སྲོལ་རྒྱུན་གྱི་བོད་ཆས་བཟོ་བའི་ཐད་དེང་རབས་ཀྱི་དར་བཟོ་ཆེ་བའི་ཁྱད་རྟགས་མང་པོ་བསྣན་པར་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་མ་དབྱེར་གྲོང་ཚོར་ཡོད་པའི་བོད་ལྗོངས་ཇོ་མོ་ལྷ་རི་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སིར“དགའ་སྡོང་ཟོམ་པ་ལྷམ”སོགས་སྐད་གྲགས་ཆེ་བའི་ཚོང་རྟགས་ཡོད་ལ། ལྷག་པར་དུ་ཞིབ་འཇུག་བྱས་ནས་ཕྱི་དབྱིབས་མཛེས་ལ་གྱོན་དུས་བདེ་བའི་ཟོམ་པ་ལྷམ་དཔེ་གསར་བཟོས་པ་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད། གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་ཐོན་འབོར་ཡང་ཆེ་རུ་ཕྱིན་པ་དང་ཆབས་ཅིག་ཡུལ་མི་ལས་ཞུགས་དང་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་མ་གཏོང་བའི་ཐད་ཀུང་སིའི་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ཉེ་བའི་ལོ་གཉིས་ནང་ཀུང་སི་དེས་དབུལ་སྐྱོར་མ་དངུལ་སྒོར་ཁྲི་83བཏང་ནས་ཐེམ་དུད་36ལ་ཕན་པ་ཐོབ་ཅིང་། འདི་ནི་ཉེ་ཆར་དགའ་སྡོང་ཟོམ་པ་ལྷམ་གྱི་ལྷ་སའི་ཆེད་ཚོང་ཁང་དུ་སྐུ་མགྲོན་གྱིས་ཟོམ་པ་ལྷམ་བཟོ་ལྟ་དཔེ་གསར་ཉོ་བཞིན་པ།