དབུ་ཤོག>གསར་འགྱུར།
  • སི་ཕེན་གྱི་གྲོང་རྡལ་ཆུང་ངུའི་མི་ཚང་གི “ལོ་གསར་གནམ་གང་གི་ཞལ་ལག”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2018-01-03

    467756_yis_1514870542116.jpg

    ཀྲུང་གོ་བས་དཔྱིད་གསར་དུས་ཆེན་གཏོང་བ་ལྟར་སི་ཕེན་བས་ཀྱང་ལོ་གསར་གྱི་གནམ་གང་ཉིན་སྣ་མང་ཕུན་སུམ་ཚོགས་པའི“ལོ་གསར་གནམ་གང་གི་ཞལ་ལག”གྲ་སྒྲིག་བྱས་ཏེ་ནང་མི་མཉམ་འཛོམས་ཀྱིས་རྙིང་སྐྱེལ་གསར་བསུ་བྱེད་ཀྱི་ཡོད།

    ཟླ་12ཚེས་31ཉིན་གྱི་དགོང་མོར། སི་ཕེན་ལྷོ་རྒྱུད་ཀྱི་ཨན་ཟླ་ལུའུ་ཤིས་ཡ་རང་སྐྱོང་ལྗོངས་ཀེ་ལ་ན་ཟླ་གྲོང་ཁྱེར་གྱི་གྲོང་རྡལ་ཆུང་ངུ་ཧྲེང་ཟླ་ཧྥེའི་མི་ཚང་ཞིག་ནས་དགའ་འབོད་ཀྱི་སྒྲ་གྲགས་པ་དང་། ལའོ་འར·པེ་ལ་སི་ཁེ་སི་ཁྱིམ་གྱི་སྒྲོག་ཙེ་རིང་མོར་སྣ་མང་ཕུན་སུམ་ཚོགས་པའི་ཟས་རིགས་དང་རྒུན་འབྲུམ་ཨ་རག་སོགས་བཤམས་ནས་ནང་མི་ཚོ་མཉམ་དུ་2017ལོའི་ཞལ་ལག་མཐའ་མ་དེ་བཟས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།