དབུ་ཤོག>གསར་འགྱུར།
  • ནག་ཆུ་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-12-20

    སྔར་ནས་བཟུང་ནག་ཆུ་ས་ཁུལ་གྱིས་དུས་སྐབས་གསར་པའི་མི་རིགས་ཀྱི་ལས་དོན་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་དམ་འཛིན་ཡག་པོ་བྱས་པ་དང་དོན་འཁྱོལ་ལ་དམ་འཛིན་དང་བསམ་ཕྱོགས་གཅིག་གྱུར་མཐའ་འཁྱོངས་ཀྱིས“རིམ་དབྱེ་འགན་འཁུར་དང་གཏོགས་ཁོངས་དོ་དམ”དང“སུས་འགན་གཙོ་བོ་འཁུར་ན་དེས་འགན་འཁུར་བའི”རྩ་དོན་ལ་གཞིགས་ནས། མི་རིགས་ལས་དོན་ལ་འཕྲད་པའི་དཀའ་གནད་དང་གནད་དོན་དུས་ཐོག་ཏུ་ཞིབ་འཇུག་ཐག་གཅོད་དང་། མི་རིགས་ཀྱི་སྲིད་ཇུས་དང་། ལས་དོན་ཁག བྱ་ཐབས་བཅས་ཀྱི་དོན་འཁྱོལ་ལ་ཞིབ་བཤེར་དང་ལྕག་སྐུལ་བྱས་པ་དང་། རྩ་འཛུགས་དང་། དྲིལ་བསྒྲཌ། འཐབ་ཕྱོགས་གཅིག་གྱུར། སྲིད་ཁྲིམས། སྤྱི་བདེ། མི་རིགས་ཆོས་ལུགས། ནོར་སྲིད། དམངས་སྲིད། རིག་གནས་སོགས་འབྲེལ་ཡོད་སྡེ་ཚན་དབར་གཞོགས་འདེགས་བྱེད་པའི་ལས་ཀའི་ལམ་སྲོལ་བཙུགས་པས། ས་ཁུལ་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་རྩ་བ་ཚུགས་ཤིང་མེ་ཏོག་བཞད་པར་སྐུལ་མ་ནུས་ལྡན་ཐེབས་ཡོད་པ་རེད།

    ནག་ཆུ་ས་ཁུལ་གྱིས་དང་ཐོག་ཆབ་སྲིད་ལ་སྣང་ཆེན་དང་། སྒྲིག་ཁྲིམས་ལ་སྣང་ཆེན། སྤྱི་ཡོངས་ལ་སྣང་ཆེན། མཐུན་སྒྲིལ་ལ་སྣང་ཆེན། བརྟན་ལྷིང་ལ་སྣང་ཆེན་བཅས་ཀྱི་མཐོ་ཚད་ནས“མི་རིགས་མཐུན་སྒྲིལ་ལ་དམ་འཛིན་བྱེད་པ་ནི་བརྟན་ལྷིང་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཞིག་ཡིན་པའི”འདུ་ཤེས་བརྟན་པོ་བཅངས་པ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་། “ངལ་རྩོལ་ལ་དགའ་ཞེན་དང་། ཤེས་དཔལ་ལ་སྣང་ཆེན། སྲོལ་གསར་འཛུགས་པ”“ཐུན་མོང་གཉིས” “ཁ་འབྲལ་ཐབས་མེད་པ་གསུམ”“འདུ་ཤེས་བཞི” “མོས་སེམས་ལྔ”སོགས་བརྗོད་དོན་གཙོ་བོའི་ནང་དོན་ལ་བརྟེན་ནས་མཉམ་སྡེབ་སློབ་སྦྱོང་དང་། རང་སྦྱོང་། བཞུགས་མོལ་གྲོས་བསྡུར། དཔེ་མཚོན་གཏམ་བཤད་སོགས་ཀྱི་རྣམ་པ་སྤྱད་དེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་བསམ་པའི་རྨང་གཞི་བརྟན་དུ་བཏང་བ་རེད།

    ནག་ཆུ་ས་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མི་རིགས་ཆོས་ལུགས་སྲིད་ཇུས་དང་། རིགས་པའི་གཞུང་ལུགས། ཤེས་བྱ། བཅའ་ཁྲིམས་ཁྲིམས་སྲོལ་བཅས་དྲིལ་བསྒྲགས་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཧུར་ཐག་སྤེལ་བ་རེད།

    “3·28”དང་། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཟླ་བ། བྱང་ཐང་གི་འཆར་ཅན་རྟ་རྒྱུག་དུས་ཆེན། “9·16”ཁྲིམས་སྐྱོང་དྲིལ་བསྒྲགས་ཉིན་མོ། ཟླ་12པའི་འབྲོག་ལས་ཐོན་རྫས་ཚོང་འདུས་སོགས་དུས་ཆེན་གལ་ཆེན་དང་དྲིལ་བསྒྲགས་དུས་ཚིགས་གང་ལེགས་སྤྱད་དེ་ཀྲེ་ཅང་ཚོང་ར་སོགས་མི་ཚོགས་མང་བའི་ས་ཆར་དྲིལ་བསྒྲགས་ས་ཚིགས་བཙུགས་ནས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱས་པས། རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོའི་བཅའ་ཁྲིམས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་རེད།

    “3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་བྱེད་སྒོ་དང་བྱང་ཐང་འཆར་ཅན་རྟ་རྒྱུག་དུས་ཆེན་སོགས་བྱེད་སྒོ་གལ་ཆེན་གོ་སྐབས་སུ་བྱས་ཏེ་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་སྒྲིག་འཛུགས་ཧུར་ཐག་བྱས་ནས་ཆེད་དོན་ཚོགས་འདུ་འཚོགས་པ་དང་། བོད་གསར་རྙིང་བསྡུར་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་མི་རིགས་ཁག་གི་མཐུན་སྒྲིལ་མཛའ་གྲོགས་ཀྱི་སེམས་ཁམས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་བས་མི་རིགས་ཁག“ཐུན་མོང་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་དར་རྒྱས་གོང་འཕེལ”ལ་སྣེ་ཁྲིད་ཀྱི་ནུས་པ་ཐོན་པ་རེད།

    དེ་སྔའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་སྲོལ་གཏོད་དཔྱད་འདེམས་ཀྱི་རྨང་གཞིའི་ཐོག་ལག་ལེན་བསྟར་རུང་བའི《ནག་ཆུ་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་སྲོལ་གཏོད་དཔྱད་འདེམས་ཀྱི་གཟེངས་བསྟོད་བྱེད་སྒོའི་ཇུས་གཞི》དང་མིང་སྐལ་བགོ་བཤའི་རེའུ་མིག་བཟོས་ནས་འཐུས་སྒོ་ཚང་དུ་བཏང་བ་དང་། དུས་ཐོག་ཏུ་ཆེད་དོན་ཚོགས་འདུ་འཚོགས་ཏེ་ཁོངས་མིའི་ཚན་པ་ཁག་གི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་ཧུར་ཐག་བྱས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་མི་སྒེར་དཔྱད་འདེམས་ལས་དོན་ཧུར་ཐག་སྤེལ་ནས་གོམ་སྟབས་རྗེས་མའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་སྤེལ་བར་དཔེ་སྟོན་རྨང་གཞི་བཏིངས་པ་རེད།

    ནག་ཆུ་ས་ཁུལ་གྱིས་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་ཏུ་སྒྲིལ་བ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་སྤེལ་བའི་འགོ་འཛུགས་ས་དང་དོན་ལ་འབབ་སར་བྱས་ཤིང་། མི་རིགས་ཁྱབ་ཁོངས་ཀྱི་གནས་ཚུལ་གསར་པ་དང་འགུལ་རྣམ་གསར་པ་སྣ་ཚོགས་ལ་དོ་ཁུར་དམ་ཟབ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་བྱ་བ་དངོས་བསྒྲུབས་པ་དང་དཀའ་གནད་བསལ་བ་རེད།

    ཏང་གི་དམངས་ཕན་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་དང་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་མ་དངུལ་དང་འཛུགས་སྐྲུན་རྣམ་གྲངས་དོན་འཁྱོལ་ཡག་པོ་བྱས་ཏེ་རྣམ་གྲངས་མ་དངུལ་དག་ནག་ཆུ་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བར་སྤྱད་ནས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།