དབུ་ཤོག>གསར་འགྱུར།
  • “ཡུལ་སྐོར་བའི་བོད་སྐྱོར”ལ་བརྟེན་ནས་ལོ་གསུམ་ནང་བོད་ལ་ཡུལ་སྐོར་བ་མི་ཐེངས་ཁྲི་2000གཏོང་རྩིས་ཡོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2017-12-20

    ཚེས་18ཉིན། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝུའེ་ཧུང་ཐའོ་ཡིས་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཁ་གཏད་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། 2018ལོ་ནས་2020ལོ་བར་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་བོད་ལ་ཡུལ་སྐོར་བ་མི་ཐེངས་ཁྲི་2000གཏོང་རྒྱུའི་དམིགས་ཚད་བཏོན་ཡོད། “ཡུལ་སྐོར་བའི་བོད་སྐྱོར”གྱི་བོད་སྐྱོར་བྱེད་སྟངས་གསར་རྐྱང་སྤྱད་ནས། བོད་འདི་ཉིད་འཛམ་གླིང་ཐོག་གི་ཡུལ་སྐོར་དམིགས་ས་གལ་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་སྔར་བས་མགྱོགས་སུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

    འདི་ནི་ཝུའེ་ཧུང་ཐའོ་ཡིས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི“པོ་ཧའེ་མཚོ་སྐོར་བའི་ས་ཁོངས་ཡུལ་སྐོར་བྱ་བའི་བོད་སྐྱོར་གན་རྒྱ་འཇོག་པའི་མཛད་སྒོའི”ཐོག་བཤད་པ་ཞིག་རེད།

    ཁོང་གིས་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ད་ལོའི་ཟླ་དགུ་པར་འཚོགས་པའི་རྒྱལ་ཡོངས་ཡུལ་སྐོར་བོད་སྐྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་། བོད་སྐྱོར་ལས་དོན་ཁག་དོན་འཁྱོལ་དང་། བོད་ཀྱི་ཡུལ་སྐོར་ཁྲོམ་ར་རྒྱ་སྐྱེད་གཏོང་རོགས། ཡུལ་སྐོར་བ་གཏོང་རེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་ཀྱི་ཡུལ་སྐོར་ལས་རིགས་སྐྱོན་བྲལ་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

    བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་ཀྱིས་བོད་ཀྱི་མིང་དོན་མཚུངས་པའི་སྲོག་ཤིང་ཐོན་ལས་དང་དམངས་ཕྱུག་བོད་དར་གྱི་སྣེ་འདྲེན་ཐོན་ལས་ཤིག་ཏུ་གྱུར་པའི་ཡུལ་སྐོར་ལས་རིགས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་སྔར་བས་གལ་འགངས་ཆེ་བའི་ནུས་པ་འདོན་བཞིན་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།