
དོམ་ཁྲ་དེ་གྲུང་ཤ་དོད་པ་དང་མཚར་སྡུག་ལྡན་པ་ཞིག་ཡོད་པར་བརྟེན་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཚོའི་དགའ་བསུ་ཐོབ་ཡོད། ཉེ་བའི་ལོ་ཤས་ནང་ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོའི་དོམ་ཁྲ་སྔར་བས་མང་དུ་ཕྱིན་པ་དང་ཁོང་ཚོས་ཀྲུང་གོའི་མི་དམངས་ཀྱི་བརྩེ་སེམས་མཚོན་པའི“མཛའ་གྲོགས་ཕོ་ཉ”དང“ཞི་བདེའི་ཕོ་ཉའི”ཐོག་ནས་མི་དང་མིའི་དབར་གྱི་བར་ཐག་ཉེ་རུ་བཏང་བ་མ་ཟད། གོ་ལ་ཧྲིལ་པོར་མཛའ་བརྩེའི་བརྡ་རྟགས་ཀྱང་བརྒྱུད་སྤྲོད་བྱེད་བཞིན་ཡོད་ཅིང་། འདི་ནི་ཧ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐ་ནའི་རོལ་རྩེད་ཁང་ཞིག་ཏུ་བྱིས་པ་གཉིས་དང་ཟློས་གར་ཚོགས་པའི་དོམ་ཁྲའི་ཆས་སྤྲས་པ་ཞིག་ཕན་ཚུན་འཐམ་འཁྱུད་བྱེད་བཞིན་ཡོད་པ་རེད། དེ་ཉིན་ཧ་སག་སི་ཐན་སློབ་ཆེན་གྱི་སློབ་མ་ལས་གྲུབ་པའི་ས་མུའུ་ལུའུ་ཀེ་ཟློས་གར་ཚོགས་པས་ཨ་སི་ཐ་ནའི་རོལ་རྩེད་ཁང་དུ་གྲོང་མིར་ལེ་ཚན་འཁྲབ་སྟོན་བྱས་པ་རེད།