དབུ་ཤོག>གསར་འགྱུར།
  • ཁོང་ཀོ(ཅིན)རུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་དཔུང་སྡེར་དམིགས་པའི་འཇབ་རྒོལ་ལ་རྒོལ་གཏམ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2017-12-13

    ཚེས་11ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ(ཅིན)རུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་དཔུང་སྡེར་དམིགས་པའི་འཇབ་རྒོལ་ལ་རྒོལ་གཏམ་བཏང་ནས་ཁོང་ཀོ(ཅིན)རུ་གནད་དོན་ཞི་བའི་ངང་ཐག་གཅོད་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་ཨ་ཧྥེ་རི་ཁ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།

    ཚེས་7ཉིན་གྱི་དགོང་མོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་དཔུང་སྡེར་ཁོང་ཀོ(ཅིན)ཤར་རྒྱུད་ཀྱི་པེ་ཅི་ཝུའུ་ཞིང་ཆེན་དུ་འཇབ་རྒོལ་ཕོག་ནས་ཉུང་མཐར་ཡང་རྒྱལ་ཁོངས་ཐན་ཙན་ནི་ཡ་ནས་ཡིན་པའི་ཞི་བདེ་སྲུང་སྐྱོང་དམག་15རྐྱེན་ལམ་དུ་ཤོར་བ་དང་། ཁོང་ཀོ(ཅིན)སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་མི་5རྐྱེན་ལམ་དུ་ཤོར་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སེས་གསལ་བསྒྲགས་སྤེལ་ནས་དེ་ནི་ཉེ་ལམ་ལོ་ཤས་རིང་ཞི་བདེ་སྲུང་སྐྱོང་དཔུང་སྡེར་འཇབ་རྒོལ་ཕོག་པའི་དོན་རྐྱེན་ཚབས་ཆེ་ཤོས་དེ་ཡིན་པས་ཁོང་ཀོ(ཅིན)སྲིད་གཞུང་གིས་ལག་དམར་བ་ཁྲིམས་ལ་སྦྱོར་རྒྱུའི་རེ་འབོད་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།

    “ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ(ཅིན)རུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་དཔུང་སྡེར་དམིགས་པའི་འཇབ་རྒོལ་ལ་རྒོལ་གཏམ་བཏང་ནས་རྐྱེན་ལམ་དུ་ཤོར་བའི་མི་ལ་མྱ་ངན་ཞུ་རྒྱུ་ཡིན་ལ། རྐྱེན་ལམ་དུ་ཤོར་བའི་མིའི་ནང་མིར་སེམས་གསོའི་འཚམས་འདྲིའང་ཞུ་རྒྱུ་ཡིན”ཞེས་ལུའུ་ཁང་གིས་གསུངས་པ་དང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་ལས་བྱེད་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཁོང་ཀོ(ཅིན)ཡི་གནད་དོན་ཞི་བའི་ངང་ཐག་གཅོད་བྱེད་པ་དང་ཨ་ཧྥེ་རི་ཁ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།