དབུ་ཤོག>གསར་འགྱུར།
  • ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱི་ཕྱོགས་དྲིལ་བསྒྲགས་ངོ་སྤྲོད་ཚོགས་པས་འཇར་མན་ལ་འཚམས་འདྲི་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2017-12-13

    ཟླ་12ཚེས་8ནས་11ཉིན་བར། འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གི་གདན་ཞུས་ལྟར། ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཀའོ་ཞོན་མིན་གྱིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱི་ཕྱོགས་དྲིལ་བསྒྲགས་ངོ་སྤྲོད་ཚོགས་པ་སྣེ་འཁྲིད་དེ་འཇར་མན་ལ་འཚམས་འདྲི་བྱས་པ་དང་འབྲེལ། ཀྲུང་གུང་གི་སྐུ་ཚབ་ཀྱི་ངོས་ནས་སྤྱི་ཚོགས་དམངས་གཙོ་ཏང་གི་ཏང་གི་འཐུས་མིའི་ཚོགས་འདུར་ཞུགས་པ་རེད།

    ཀའོ་ཞོན་མིན་གྱིས་སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞི་ཧྲུར་ཚེ་དང་མཇལ་འཛོམས་གནང་སྟེ་ཀྲུང་གུང་ཀྲུང་དབྱང་གིས་སྤྱི་ཚོགས་དམངས་གཙོ་ཏང་གི་ཏང་གི་འཐུས་མིའི་ཚོགས་འདུར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་བརྒྱུད་སྤྲོད་བྱས་ནས་སྤྱི་ཚོགས་དམངས་གཙོ་ཏང་དང་། མནའ་འབྲེལ་ཏང་། གཡོན་ཕྱོགས་ཏང་བཅས་ཀྱི་འགོ་ཁྲིད་མི་སྣར་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་པ་རེད། ཀའོ་ཞོན་མིན་གྱིས་ད་དུང་ཁེར་པོ་ཐེབས་རྩ་ལྷན་ཚོགས་ཀྱིས་གཉེར་བའི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་ཆེད་དོན་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ་དང་དེའི་ནང་འཇར་མན་སྲིད་གཞུང་དང་། གྲོས་ཚོགས། སྲིད་ཏང་། བཟོ་ཚོང་ལས་རིགས། ཇུས་འདོན་ཚོགས་པ་བཅས་དང་དེ་བཞིན་ཡོ་རོབ་གྲོས་ཚོགས་སོགས་ལས་རིགས་ཁག་གི་རིམ་པ་མཐོ་བའི་འཐུས་མི་20ལྷག་ཙམ་ཞུགས་ཡོད་པ་རེད།

    ཀའོ་ཞོན་མིན་གྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཙོ་བོ་དང་དོན་སྙིང་གལ་ཆེན་ཁྱོན་ཡོངས་ནས་དྲིལ་བསྒྲགས་དང་ངོ་སྤྲོད་གནང་བ་དང་ཆབས་ཅིག ཏང་གི་ཚོགས་ཆེན་བཅུ་དགུ་པས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཀྲུང་གོའི་མི་དམངས་ཀྱི་རེ་འདོད་ལ་དམིགས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་སྤྱོད་རྩ་འཛིན་དང་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་ནས་ཀྲུང་གོའི་མི་དམངས་ཡོངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཀྱི་རྨང་གཞིའི་ཐོག་འབད་འབུངས་ཡར་བརྩོན་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཞིག་འགོ་འཛུགས་རྒྱུ་ཡིན་པའི་ནན་བཤད་གནང་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུས་པ་དང་འབྲེལ་ཚོགས་ཆེན་བཅུ་དགུ་པའི་འཛམ་གླིང་གི་དོན་སྙིང་ལ་ཚད་མཐོའི་གདེང་འཇོག་བྱས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་གྱིས་ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་བཏང་སྟེ་འཛམ་གླིང་ཞི་བདེ་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་བརྗོད་པ་རེད།

    ཀའོ་ཞོན་མིན་གྱིས་བཞུགས་མོལ་ཚོགས་འདུ་དང་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུར་ཞུགས་མཁན་ལས་རིགས་ཁག་གི་འཐུས་མི་ཚོར《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》(དེབ་གཉིས་པ)དབྱིན་ཡིག་དཔར་མ་དང་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་འཇར་མན་ཡི་གེའི་དཔར་མ་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།