དབུ་ཤོག>གསར་འགྱུར།
  • སྐབས་དང་པོའི“ཨེ་ཅིབ་ཏུ་གླུ་དབྱངས་ལེན”ཞེས་པའི་རྒྱ་གཞས་ཀྱི་བྱ་དགའ་ཆེན་པོའི་འགྲན་བསྡུར་གྱི་མཐའ་བསྡུར་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2017-12-13

    ཚེས་9ཉིན་སྐབས་དང་པོའི“ཨེ་ཅིབ་ཏུ་གླུ་དབྱངས་ལེན”ཞེས་པའི་རྒྱ་གཞས་ཀྱི་བྱ་དགའ་ཆེན་པོའི་འགྲན་བསྡུར་གྱི་མཐའ་བསྡུར་ཁེ་རོར་སྤེལ་བ་རེད། ཨེ་ཅིབ་ཀྱི་སྤྱི་ཚོགས་ལས་རིགས་ཁག་ནས་ཡོང་བའི་གཞས་པ་གཞས་མ་17གྱིས་སྙན་འཇེབས་ལྡན་པའི་གླུ་གཞས་བཏང་ནས་ཨེ་ཅིབ་ཀྱི་རོལ་དབྱངས་ཕོ་བྲང་གི་ཁེ་རོའི་གླུ་གར་ཁང་དུ“ཀྲུང་གོའི་གླུ་གཞས་འདུ་ཚོགས”སྤེལ་བ་རེད།

    ད་ཐེངས་ཀྱི་འགྲན་བསྡུར་དེ་ཨེ་ཅིབ་ཀྱི་སྤྱི་ཚོགས་ཡོངས་སུ་ཕྱོགས་པ་དང་དྲ་ཐོག་ནས་མིང་ཐོ་འགོད་པས་ཁྱོན་མི་50འདེམས་སྒྲུག་འགྲན་བསྡུར་ནང་ཞུགས་པ་དང་བདམས་ཐོན་པ་30བསྐྱར་མའི་འགྲན་བསྡུར་ནང་ཞུགས་ནས་མཐར་མཐའ་བསྡུར་བདམས་ཐོན་པ་17ཐོན་ཡོད་པ་རེད།

    ད་ཐེངས་གླུ་གཞས་ཀྱི་བྱ་དགའ་ཆེན་པོའི་འགྲན་བསྡུར་དེ་ཁེ་རོའི་ཀྲུང་གོའི་རིག་གནས་ལྟེ་གནས་དང་ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།