དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་ལག་གདང་སྦྲེལ། ཞི་མཐུན་འཕེལ་རྒྱས་སེམས་པ་སྦྲེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-12-13

    གནའ་དེང་ཟུང་དུ་འབྲེལ་བའི་ལྷ་ས་གྲོང་ཁྱེར་དུ་མི་རིགས་ཁག་གི་མང་ཚོགས་ཀྱིས་ལྷག་བསམ་ཟོལ་མེད་ཀྱིས་མི་རིགས་མཐུན་སྒྲིལ་སྲ་ཞིང་བརྟན་པ་དང་། ཡལ་འདབ་རྒྱས་པ། འབྲས་བུ་གཡུར་དུ་ཟ་བ་ཐོབ་པ་བཅས་ལ་སྐུལ་མ་བཏང་ཞིང་། ཁྲེང་ཀོན་ཆུས་ཀྱང་སྔ་རྗེས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་མཉམ་སྡེབ་ཐེངས་དྲུག་པ་དང་། ཁག་གསུམ་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བཏོད་པའི་བྱེད་སྒོའི་དཔེ་སྟོན་ཚན་པ། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ། ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་བཅས་ལ་བདམས་པ་རེད།

    རྩ་འཛུགས་ཀྱི་འགོ་ཁྲིད་ནུས་ལྡན་ལས་མི་རིགས་མཐུན་སྒྲིལ་གཏོད་པར་སྐུལ་འདེད་ལེགས་པོ་ཐུབ་པ།

    ཁྲེང་ཀོན་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་སྔར་ནས་བཟུང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ལ་མཐོང་ཆེན་དང་རིམ་ཁག་འགོ་ཁྲིད་ཚན་ཁག་དང་མི་རིགས་ཁག་གི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མི་རིགས་ཁག་གི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་སྲུང་སྐྱོང་བཅས་བྱས་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་དང་། འགྲོ་གྲོན་འགན་ལེན། སྲིད་ཇུས་འགན་ལེན། དྲིལ་བསྒྲགས་སློབ་གསོ། ལྟ་བཤེར་དཔྱད་ཞིབ་སོགས་ནས་འགོ་བཙུགས་ཏེ་བྱེད་སྒོ་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱས་པ་རེད།

    འདི་ལོ་ཚུན། ཁྲེང་ཀོན་ཆུས་ཨུད་ཀྱི་རྒྱུན་ཨུད་ཚོགས་འདུ་ཐེངས་བདུན་པར་མི་རིགས་མཐུན་སྒྲིལ་ལས་དོན་སྐོར་ཉན་པ་དང་ཞིབ་འཇུག་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་དེ་གནད་སྨིན་དབུལ་སྐྱོར་དང་། སྐྱོན་བྲལ་ཁྲེང་ཀོན། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ། གཞི་རིམ་རྩ་འཛུགས་སྐབས་བརྗེ། སྣོད་བཅུད་ཤེས་དཔལ་གྱི་གྲོང་ཁྱེར་གཏོད་པ་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ནས་ཆུས་ཨུད་ཧྲུའུ་ཅིས་ཙུའུ་ཀྲང་བྱས་པའི་ལས་ཀའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་དེ་མཚུངས་ཀྱི་གཏོད་འཛུགས་བྱེད་སྒོའི་འཆར་འགོད་དང་བྱ་ཐབས་བཟོས་ནས་གཏོད་འཛུགས་ལས་དོན་གྱི་གཙོ་གནད་གནད་དོན་མཐུན་སྦྱོར་དང་ཐག་གཅོད་ནུས་ལྡན་བྱས་ཡོད་པ་རེད།

    ཞབས་འདེགས་འགན་ལེན་ནུས་ལྡན་ལས་མི་རིགས་མཐུན་སྒྲིལ་གྱི་མང་ཚོགས་ཀྱི་རྨང་གཞི་བརྟན་པ།

    ཁྲེང་ཀོན་ཆུས་ཀྱིས་གོང་རིམ་མི་རིགས་ཆོས་ལུགས་སྲིད་ཇུས་ཁག་ཐོག་མཐའ་བར་གསུམ་དུ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཞབས་ཞུའི་འགན་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་གཞི་རིམ་རྩ་འཛུགས་དང་གཞི་རིམ་ལས་བྱེད་པས་ལས་ཀའི་བྱེད་ལུགས་བྱེད་སྟངས་ལ་སྣང་ཆེན་བྱེད་པར་སློབ་གསོ་ཁྲིད་སྟོན་ཧུར་ཐག་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཞི་མཐུན་གྱི་མི་རིགས་འབྲེལ་བ་སྲུང་སྐྱོང་ཡག་པོ་བྱས་པས། རྒྱ་ཆེའི་མང་ཚོགས་ཀྱི་བརྩི་བཀུར་དང་། ཡིད་ཆེས། རྒྱབ་སྐྱོར་བཅས་རྒྱ་ཁྱབ་ངང་ཐོབ་ཡོད་པ་རེད།

    ཁོངས་གཏོགས་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་ཕྱོགས་མིའི་ཁྱད་ཆོས་དང་དགོས་མཁོར་གཞིགས་ནས། ཁྲེང་ཀོན་ཆུས་ཀྱིས་ཤང(ཁྲོམ་གཞུང)དང་། གྲོང་ཚོ(སྡེ་ཁུལ) མངགས་གཏོང་ཁང་། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སོགས་གཞི་རིམ་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དང་དྲ་མིག་ཅན་དང“གཉིས་ལྡན་དུད་སྦྲེལ”སོགས་སྤྱི་ཚོགས་ཀྱི་ཞབས་ཞུ་དོ་དམ་མ་ལག་ལ་དམ་པོར་བརྟེན་ནས་དུས་ཐོག་ཏུ་སོ་སོའི་ཁོངས་གཏོགས་ཁུལ་གྱི་གྲངས་ཉུང་མི་རིགས་ཁག་གི་མི་སྣའི་གཞི་རྩའི་གནས་ཚུལ་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱེད་པ་དང་རང་འགུལ་ངང་སྒོ་རྩར་ཞབས་འདེགས་ཞུས་ཏེ་ཁོང་ཚོ་ལྷ་སར་ཚོང་རྒྱག་པ་དང་། སྤུན་འཕྲད། ལག་ཁྱེར་གཉེར་བ། ཁང་པ་གཡར་བ། ཚོང་གཉེར་སོགས་ལ་དགོས་ངེས་ཀྱི་ཞབས་འདེགས་དང་རོགས་རམ་བྱས་ཡོད། དམངས་ཕན་སྲིད་ཇུས་ཁག་རང་འགུལ་ངང་དྲིལ་བསྒྲགས་བྱས་ནས་ཁོང་ཚོས་དམངས་ཕན་སྲིད་ཇུས་ཁག་ལོངས་སུ་སྤྱོད་ཐུབ་པར་བྱས་ཏེ་གྲངས་ཉུང་མི་རིཌ་ཀྱི་ཕྱོགས་མི་ས་གནས་དེ་གའི་འཚོ་བ་དང་འདྲེས་ཐུབ་པར་བྱས་ཡོད།

    དཔེ་སྟོན་སྣེ་ཁྲིད་དམ་འཛིན་ཡག་པོ་ལས་མི་རིགས་མཐུན་སྒྲིལ་བྱེད་སྒོའི་གཞི་རྟེན་ཕུན་སུམ་ཚོགས་པ།

    མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི“སྐུལ་འདེད་བདུན”གྱི་ཚོད་ལྟའི་ཚན་པ་30ཡི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མི་རིགས་མཐུན་སྒྲིལ་གཏོད་པའི་བྱེད་སྒོའི་གཞི་རྟེན་ཕྱོགས་ཡོངས་ནས་ཕུན་སུམ་ཚོགས་སུ་བཏང་བས། གཏོད་འཛུགས་བྱེད་སྒོ་གཞི་ཁྱོན་ལྡན་པ་དང་། ཁྱད་ཆོས་ལྡན་པ། ཕན་འབྲས་ལྡན་པ་བཅས་བྱུང་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་དང་དུས་ཆེན་གལ་ཆེན་རིང་ཁྲོམ་གཞུང་སྡེ་ཁུལ་ཁག་གིས་ཁོངས་གཏོགས་ཁུལ་གྱི་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ཡུ་གུར་རིགས་སོགས་མི་རིགས་ཁག་གི་འཐུས་མི་སྒྲིག་འཛུགས་ཧུར་ཐག་བྱས་ནས་བཞུགས་མོལ་ཚོགས་འདུ་དང་ཇ་སྟོན་ཚོགས་འདུ་འཚོགས་ཏེ་མི་རིགས་མཐུན་སྒྲིལ་གྱི་ཉམས་མྱོང་དང་བྱ་ཐབས་བཟང་པོ་སྤེལ་རེས་དང་། ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་དང་དེ་བཞིན་ལས་དོན་སྤེལ་བའི་བསམ་འཆར་དང་གྲོས་འགོ་ཤེས་རྟོགས། མི་རིགས་མཉམ་འཛོམས་ཀྱིས་ཁ་ལག་ཟ་བ་དང་། མཉམ་དུ་མི་རིཌ་མཐུན་སྒྲིལ་གྱི་གླུ་གཞས་གཏོང་བ། མཉམ་དུ་མི་རིགས་མཐུན་སྒྲིལ་གྱི་མཛའ་བརྩེ་གླེང་བ་བཅས་བྱས་པས་མི་རིགས་ཁག་གི་མང་ཚོགས་སྔར་བས་འཆམ་མཐུན་དུ་གྱུར་ཡོད་པ་རེད།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་གང་ལེགས་བྱས་ཏེ། རྒྱ་ཆེའི་ལས་བྱེད་མང་ཚོགས་སྒྲིག་འཛུགས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ས་ཚིགས་ལ་ལྟ་སྐོར་དང་རྒྱལ་གཅེས་གློག་བརྙན་ལྟ་བ་དང་སྐད་གཉིས་སློབ་སྦྱོང་ཚོགས་འདུ་དང་། ལས་ཐོག་ཏང་ཡོན་སྡེ་ཁུལ་དུ་སྐྱོད་པ་དང་དེ་བཞིན“མི་རིགས་ཀྱི་གུས་ལུགས་མཛད་སྒོའི་ཟློས་གར་ཚང་མས་སློབ་སྦྱོང”དང་། “ངལ་རྩོལ་དང་གླུ་གཞས་མཉམ་དུ་གནས” “མཉམ་འཛོམས་ཀྱིས་ཁ་ལག་ཟ་བ་དང་སྤུན་ཟླའི་བརྩེ་སེམས་མཉམ་དུ་གླེང་བ” “ང་ཚོའི་དུས་ཆེན”སོགས་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ“ཚང་མས་མཐུན་སྒྲིལ་ལ་སྣང་ཆེན་དང་ཚང་མས་སྔོན་ཐོན་བརྩོན་ལེན་བྱེད་པའི”རྣམ་པ་བཟང་པོ་ཧུར་ཐག་བཏོད་དེ། མི་རིགས་མཐུན་སྒྲིལ་གཏོད་པའི་ལས་དོན་ལས་བྱེད་དང་མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་ཅིག་ཏུ་འགྱུར་བ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།