དབུ་ཤོག>གསར་འགྱུར།
  • མི་རིགས་ཁག་གི་མང་ཚོགས་སྔར་བས་མཐུན་སྒྲིལ་དམ་ཟབ་ཡོང་བ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ཕེ་ཚུང་།   |     སྤེལ་དུས།  2017-12-13

    མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཚུན། ཉམས་མྱོང་བཟང་པོ་དང་བྱེད་སྟངས་ཡག་པོ་མི་ཉུང་བ་ཞིག་གསོག་འཇོག་བྱས་ཡོད། སླད་ཕྱིན་བྱེད་སྒོ་དེ་མུ་མཐུད་གཏིང་ཟབ་སྤེལ་ནས་ཚང་མ་སྔར་བས་མཐུན་སྒྲིལ་དམ་ཟབ་ཡོང་བ་བྱེད་དགོས། བརྗོད་དོན་གཙོ་བོ་ཁོང་དུ་ཆུད་པ་དང་། དོན་དངོས་དང་ཟུང་འབྲེལ། གཙོ་གནད་དམ་པོར་བཟུང་བ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི“སྒྲུང་སྙན་པོ”ཡག་པོ་ཤོད་དགོས་པ་དང་། ཉེ་འགྲམ་གྱི་བྱ་བ་བགྲངས་ནས་ཉེ་འགྲམ་གྱི་མིར་སེམས་འགུལ་ཐེབས་པར་བྱེད་དགོས། མི་རིགས་ཁག་དབར་གྱི་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཐོན་སྐྱེད་དང་འཚོ་བའི་ཁྱབ་ཁོངས་ཁག་ཏུ་མུ་མཐུད་ཁྱབ་པར་བྱས་ཏེ་མི་རིགས་ཁག་དབར་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། ཕན་ཚུན་བརྩེ་ཞེན། ཕན་ཚུན་རོགས་རམ། ཕན་ཚུན་སློབ་སྦྱོང་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས། མི་རིགས་མཐུན་སྒྲིལ་ལས་དོན་གྱི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་ཡག་པོ་རྒྱུན་ཆད་མེད་པར་ཕྱོགས་སྡོམ་བྱས་ཏེ་མི་རིགས་མཐུན་སྒྲིལ་ལས་དོན་གྱི་ཆུ་ཚད་དང་རིམ་པ་མཐོ་རུ་ཧུར་ཐག་གཏོང་དགོས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

    མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བར་དོན་དངོས་དང་ཟུང་འབྲེལ་དང་བྱེད་སྟངས་གསར་གཏོད་བྱས་ཏེ་ཚང་མ་སྔར་བས་མཐུན་སྒྲིལ་དམ་ཟབ་ཡོང་བ་བྱེད་དགོས། མུ་མཐུད་དོན་དངོས་ལ་གཞི་ཚུགས་ཏེ་རིམ་པ་དང་བྱ་ཡུལ་དབྱེ་བ་ཕྱེ་ནས་དྲིལ་བསྒྲགས་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་ཧུར་ཐག་གཏོང་དགོས་པ་མ་ཟད། ད་དུང་བྱེད་སྟངས་དང་བྱེད་ཐབས་གསར་གཏོད་ལ་སྣང་ཆེན་ཡང་བྱེད་དགོས། སྣ་ཁ་མང་ལ་ཕུན་སུམ་ཚོགས་པ་དང་། གསོན་ཉམས་དོད་ལ་འཁྲུག་ཆ་དོད་པ། རོལ་རྩེད་ཞོར་ལ་སློབ་གསོ་ཐེབས་པ། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བ་བཅས་ཀྱི་རྣམ་པ་མང་ཙམ་སྤྱད་དེ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དོན་དངོས་དང་། འཚོ་བ། མང་ཚོགས་བཅས་དང་སྔར་ལས་ལྷག་པའི་སྒོ་ནས་ཉེ་བཅར་ཡོང་བ་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་ཞུགས་འདོད་ཆེ་བའི་ལས་སྟེགས་མང་ཙམ་སྐྲུན་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་དང་ལེན་བྱེད་བདེ་བའི་བརྒྱུད་སྤེལ་ཐབས་ལམ་མང་ཙམ་གཏོད་པ། མི་རིགས་མཐུན་སྒྲིལ་བྱེད་སྒོའི་ཡིད་དབང་འཕྲོག་ཤུགས་དང་སེམས་འགུལ་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཐོག་སྣང་ཚུལ་ཡག་པོ་ཞིག་ཆགས་པར་བྱེད་དགོས།

    མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཞིབ་ཚགས་དང་། གཏིང་ཟབ། ཏན་ཏིག་བཅས་སྤེལ་ནས་ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཇེ་ཆེར་གཏོང་དགོས། མི་རིགས་ཁག་གི་མང་ཚོགས་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་གཏད་བཅས་ཀྱི་སྲོལ་རྒྱུན་བཟང་པོ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པར་བྱེད་དགོས། དེ་འདྲ་བྱུང་ན་ང་ཚོས་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། མེས་རྒྱལ་གཅིག་གྱུར་བཅས་ལ་སྔར་བས་སྲུང་སྐྱོང་ཡག་པོ་ཐུབ་སྟེ་ཀྲུང་གོའི་ཕུགས་འདུན་སྔ་ཙམ་འགྲུབ་ངེས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།