དབུ་ཤོག>གསར་འགྱུར།
  • ནག་ཆུས་ཚོཌ་པ་སྒྲིག་འཛུཌ་བྱས་ནས་ཀྲེ་ཅང་ཞིང་ཆེན་གྱི་ཞིང་ལས་དངོས་མང་སྟོན་ཚོཌ་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-11-30

     ཀྲེ་ཅང་ཞིང་ཆེན་གྱི་ཁག་བརྒྱད་པའི་ཁ་གཏད་བོད་སྐྱོར་ལས་བྱེད་པས་མཐུན་སྦྱོར་ཧུར་ཐག་བྱས་པ་བརྒྱུད། ནག་ཆུ་ས་ཁུལ་གྱིས“ཕྱིར་སྐྱོད་པའི”བསམ་གཞིར་དམིགས་ནས་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ཟླ་11ཚེས་24ནས་28ཉིན་བར་ཀྲེ་ཅང་ཞིང་ཆེན་ཤིན་ནུང་ཏུའུ་འགྲེམས་སྟོན་ལྟེ་གནས་སུ་གཉེར་བའི་ཞིང་ལས་དངོས་མང་སྟོན་ཚོགས་ལ་ཞུགས་པ་དང་། ནག་ཆུའི་དབྱར་རྩྭ་དགུན་འབུ་དང་། བོད་བྱང་ཐང་གི་ཚགས་ཤ་སྐམ་པོ། “བོད་ཕག”སོགས་ས་མཐོའི་ལྗང་མདོག་ཞིང་འབྲོག་ཐོན་རྫས་སྣ་ཁ་20ལྷག་ཙམ་དང་། དེ་བཞིན་མི་རིགས་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་དང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཐོན་རྫས་རབ་དང་རིམ་པ་འོས་སྦྱོར་གཟབ་རྒྱས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲེ་ཅང་ཞིང་ཆེན་གྱི་གཞི་ཁྱོན་ཆེ་ཤོས་དང་། རིམ་པ་མཐོ་ཤོས། ཁྱབ་རྒྱ་ཆེ་ཤོས། ཚོང་འགྲིག་ཚད་མང་ཤོས་བཅས་ཀྱི་ཞིང་ལས་འདུ་ཚོགས་ཆེ་གྲས་ཤིག་ཡིན་པའི་ལོ་ལྟར་གྱི་ཀྲེ་ཅང་ཞིང་ཆེན་ཞིང་ལས་དངོས་མང་སྟོན་ཚོགས་ནི་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཚོས་ཞིང་ལས་ཐོན་རྫས་ཉོ་ཚོང་དང་། སྤུས་རྟགས་འོས་སྦྱོར། ཆ་འཕྲིན་སྤེལ་རེས། མ་འཇོག་གྲོས་མོལ་བཅས་བྱེད་པའི་ལས་སྟེགས་ཡངས་པོ་ཞིག་རེད། ད་རེས་འཐུས་མི་ཚོགས་པའི་རུ་སྣེ་འཁྲིད་མཁན་ནག་ཆུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་མུའུ་ཤིན་པིན་གྱིས་ངོ་སྤྲོད་བྱས་པ་གཞིར་བཟུང་། ཉེ་བའི་ལོ་ཤས་རིང་། ནག་ཆུ་ས་ཁུལ་གྱི་རིགས་ཁག་གི་ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ཅུང་མགྱོགས་པོ་ཕྱིན་ནས། འབྲོག་ཟོག་དང་། དཀར་ཆུའི་ཐོན་རྫས། ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་སོགས་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་རབ་དང་རིམ་པ་སྟོན་པར་ཐུན་མིན་ཁྱད་ཆོས་ལྡན་པའི“ལྗང་མདོག་དང་བདེ་འཇགས”ཀྱི་ལེགས་ཆ་ལྡན་ཡོད། འོན་ཀྱང་རྒྱུ་རྐྱེན་མང་དག་གིས་རྐྱེན་པས་རིགས་ཁག་གི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས“ཕྱིར་སྐྱོད”ཤུགས་ཆུང་བ་དང་ལྗོངས་ཕྱིར་སྙན་གྲགས་ཆེན་པོ་མེད་པས། ཚད་གཞི་ངེས་ཅན་གྱི་ཐོག་ནས་ཞིང་འབྲོག་པར་རྒྱུན་མཐུད་འབབ་འཕར་ཡོང་བར་ཚོད་འཛིན་ཕོག་གི་ཡོད། ནག་ཆུའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“ཕྱིར་སྐྱོད་པའི”འཐབ་ཇུས་ལག་བསྟར་མགྱོགས་པོ་བྱ་ཆེད། ནག་ཆུ་ས་ཁུལ་གྱིས་ཀྲེ་ཅང་ཞིང་ཆེན་ཞིང་ལས་ཐིང་དང“ཞིང་འབྲོག་ཐོན་རྫས་ཀྲེ་ཅང་དུ་འདྲེན་པ”ཞེས་པའི་འཐབ་ཇུས་གྲོས་གཞིར་མིང་རྟགས་བཀོད་པ་དང་། དེའི་དམིགས་ཡུལ་ནི་ཀྲེ་ཅང་ཞིང་ཆེན་དང་སྤེལ་རེས་དང་། འགྲོ་འོང་། འབྲེལ་འདྲེས་བཅས་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ནག་ཆུ་ས་ཁུལ་གྱི་སྙན་གྲགས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་དང་། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ། ཁྲོམ་ར་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱིས་ཞིང་འབྲོག་ལས་ཀྱི་ཕན་འབྲས་མུ་མཐུད་ཆེ་རུ་གཏོང་བ་དང་ཞིང་འབྲོག་པར་མུ་མཐུད་འབབ་འཕར་ཡོང་བ་བྱ་རྒྱུ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།