དབུ་ཤོག>གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པའི་ཡན་ལག་ཚོགས་པ་ཁག་གིས་མུ་མཐུད་སྒྲོག་འགྲེལ་གཏིང་ཟབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-11-20

    གཅིག་སྡུད་ཐོག་སྒྲོག་འགྲེལ་བྱེད་པ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་དུ་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། རང་ལྗོངས་ཀྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པའི་ཡན་ལག་ཚོགས་པ་ཁག་གིས་མུ་མཐུད་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་ཟབ་སྐྱོད་ཀྱིས་སྒྲོག་འགྲེལ་ཁྲོད“མདོ་གནད་ལྔ”འབུར་དུ་ཐོན་པ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བར་བྱས་ཐོག རྣམ་པ་གསར་པ་དང་བྱ་སྤྱོད་གསར་པར་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་ཡག་པོ་བྱས་པ་རེད།

    རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ལྷ་ས་ཡན་ལག་ཚོགས་པ་རྫོང(ཆུས)དང་། ཤང་གྲོང་།ཁྲོམ་གཞུང་བཅས་ཁག་ཏུ་བསྐྱོད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཤིང་། ལས་འཁྱུར་ངལ་གསོ་བརྒྱབ་པའི་ལས་བྱེད་པ། ཏང་ལ་ཞུགས་ནས་ལོ་45སོང་བའི་བུ་ཚེ་རིང་འདི་ལོའི་ཟླ་ལྔ་པར་ཁྲེང་ཀོན་ཆུས་ཨུད་དྲིལ་བསྒྲགས་པུས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་ཚོགས་པའི་ཁོངས་མིར་གདན་དྲངས་པ་དང་ད་བར་ཉང་བྲན་ཤང་དུ་སྒྲོག་འགྲེལ་ཐེངས་མང་བྱེད་མྱོང་ཡོད། སྙན་ཞུའི་ཚོགས་འདུ་ཉན་རྗེས་ཁོང་གིས“ངས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་སྟེ་མི་སེམས་སུ་ཟུག་པར་བྱེད་པ་དང་། གོ་བདེ་བའི་སྐད་ཆའི་ཐོག་ནས་འཁྲིས་ཀྱི་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་འགྲེལ་བཤད་བརྒྱབ་སྟེ་ཚང་མས་གོ་ཐུབ་པ་དང་། ངེས་ཐུབ་པ། སྤྱོད་ཐུབ་པ་བཅས་བྱ་རྒྱུ་ཡིན”ཞེས་མྱོང་བ་ཟབ་མོས་བརྗོད།

    “ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནི་གལ་འགངས་ཤིན་ཏུ་ཆེ་བའི་མར་ཁེ་སི་རིང་ལུགས་ཀྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པ་དང་སྙན་སྒྲོན་ཆ་ཚང་ལས་མར་ཁེ་སི་རིང་ལུགས་ཀྱི་དགོངས་པའི་འོད་སྟོང་འབར་བ་མ་ཟད། གོ་རིམ་ལྡན་པའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱས་གླེང་བྱས་ཡོད་པ་ནི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་རྩ་ཆེའི་ཉིང་བཅུད་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དགོངས་པ་གསར་པ་དང་། འདུ་ཤེས་གསར་པ། འཐབ་ཇུས་གསར་པ་བཅས་ཀྱི་ཚན་རིག་དང་མཐུན་པའི་ཕྱོགས་སྡོམ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་གྲུབ་ཆ་གལ་ཆེན་བཅས་རེད། དེ་རིང་ཟུར་ཁྲིད་པའི་སྒྲོག་འགྲེལ་ཉན་པ་བརྒྱུད་ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ལ་དེ་བས་གོ་བ་གཏིང་ཟབ་བླངས་ཐུབ་ནས་ང་ཚོའི་བསམ་བློ་དང་བྱ་སྤྱོད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཐོག་སྔར་བས་གཅིག་གྱུར་ཐུབ་སོང”ཞེས་ཆུ་ཤུར་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་ཟླ་བ་ཚེ་རིང་གིས་སྙན་ཞུའི་ཚོགས་འདུ་ཉན་རྗེས་གསར་འགོད་པར་དེ་ལྟར་བཤད་བྱུང་།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གང་མགྱོགས་གཞི་རིམ་དུ་དོན་འཁྱོལ་དང་མི་སེམས་སུ་ཟུག་པ་དང་། མང་ཚོགས་དང་འབྲེལ་བ་བྱེད་པའི“མཐའ་མའི་འགག་གནད”སེལ་རྒྱུར་སྐུལ་སྤེལ་གཏོང་ཕྱིར། རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཆབ་མདོ་ཡན་ལག་སྒྲོག་འགྲེལ་ཚོགས་པས་གོ་བདེ་བའི་སྐད་ཆ་དང་རྣམ་པ་མི་འདྲ་བའི་ཐོག་ནས་ངོ་འཕྲད་གདོང་ཐུག་གིས་ཏང་ཡོན་དང་ལས་བྱེད་མང་ཚོགས་ལ་སྒྲོག་འགྲེལ་བྱས་ཤིང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་གྲུ་གུ་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མས་སྙན་ཞུའི་ཚོགས་འདུ་ཉན་རྗེས“ཏང་གི་ཚོགས་ཆེན་བཅུ་དགུ་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེ་ཤོས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་འདི་ཉིད་རང་རེའི་ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་དགོངས་པར་གཏན་འཁེལ་གནང་བ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་དེ་ཡིན་པ་ལས་ཏང་གི་མཛུབ་ཁྲིད་དགོངས་པ་སླར་ཡང་དུས་བསྟུན་འཕེལ་རྒྱས་གཏོང་རྒྱུ་མངོན་འགྱུར་ཐུབ་ནས། དུས་རབས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུར་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་གསར་པ་མཁོ་འདོན་བྱས་ཡོད”ཅེས་བརྗོད་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་ཉན་རྗེས་ཉིང་ཁྲི་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་ཀྱི་ལས་བྱེད་པ་ཤོའེ་ཤང་ཝུའེ་ཡིས“དུས་རབས་གསར་པར་བསམ་བློ་གསར་པ་མཁོ་བ་བཞིན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་དཔལ་འབྱོར་དང་། ཆབ་སྲིད། ཁྲིམས་སྐྱོང་། ཚན་རྩལ། རིག་གནས། སློབ་གསོ་སོགས་ཕྱོགས་མང་པོ་ཚུད་ཡོད་པས་ང་ཚོར་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་མཛུབ་ཁྲིད་བསམ་བློ་མཁོ་འདོན་བྱས་ཡོད། ང་ཚོས་ངེས་པར་དུ་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་ཏེ། ‘འདུ་ཤེས་བཞི’བརྟན་པོ་འཛུགས་པ་དང་དད་སེམས་བརྟན་གཏོང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱས་ཐོག དུས་རབས་གསར་པའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཏན་ཏིག་བསྒྲུབས་ཏེ‘ལོ་བརྒྱ་གཉིས’ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཕྱིར་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་མྱོང་བ་ཟབ་མོས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།