དབུ་ཤོག>གསར་འགྱུར།
  • ལྷག་བསམ་རྣམ་དག་ངང་གངས་ལྗོངས་ས་མཐོར་ལེགས་སྐྱེས་འབུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-11-19

    ཁོང་ནི་ཀྲུང་གོ་མི་དམངས་སློབ་ཆེན་གྱི་འབུམ་རམས་པ་དང་། ཧྥུའུ་ཏན་སློབ་ཆེན་གྱི་མཆོག་རམས་པ། ཀྲུང་དབྱང་རྩ་འཛུགས་པུའུ་དང་སྡེ་ཚོགས་ཀྲུང་དབྱང་གི་ཁག་15པའི་བོད་སྐྱོད་འབུམ་རམས་པ་ཞབས་ཞུ་ཚོགས་པའི་ཚོགས་གཙོ། བོད་སྡོད་འབུམ་རམས་པ། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་རྒྱུན་ཨུ། ལྟ་ཞིབ་ཐིང་གི་ཐིང་ཀྲང་གཞོན་པ་བཅས་ཡིན་པའི་ཀའོ་ཧུང་ཧྲེང་ཡིན།

    2014ལོའི་ཟླ་བཅུ་པར་ཀྲུང་དབྱང་རྩ་འཛུགས་པུའུ་དང་སྡེ་ཚོགས་ཀྲུང་དབྱང་གི་ཁག་15པའི་འབུམ་རམས་པ་ཞབས་ཞུ་ཚོགས་པ་གངས་ལྗོངས་ས་མཐོར་སླེབས། ཀའོ་ཧུང་ཧྲེང་དེའི་གྲས་ཀྱི་རུ་མི་ཞིག་ཡིན་པ་དང་དུས་དེ་ནས་བཟུང་ཁོང་གི་མི་ཚེའི་ལམ་བུར་འགྱུར་ལྡོག་གསར་པ་བྱུང་ཡོད།

    ས་བབ་མཐོ་ལ་སེམས་ཤུགས་དེ་བས་ཆེ།

    “ས་བབ་མཐོ་ཚད་སྨི་50ལས་མེད་པའི་པེ་ཅིང་ནས་ས་བབ་མཐོ་ཚད་སྨི་3652ཡོད་པའི་ལྷ་སར་ཡོང་བས། ངའི་སེམས་ནང་འདི་ནི་ལུས་སེམས་གཉིས་ཀའི་ཚོད་བགམ་ཆེན་པོ་ཞིག་རེད་སྙམ་བྱུང་། འོན་ཀྱང་མིའི་སེམས་ཤུགས་རང་ཉིད་ཀྱིས་གདམ་ག་བྱེད་ཆོག”ཅེས་ཀའོ་ཧུང་ཧྲེང་གིས་དེ་ལྟར་བརྗོད། ཁོང་ལྷ་སར་འབྱོར་རྗེས་བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཐིང་གི་ཐིང་ཀྲང་གཞོན་པའི་ལས་འགན་འཁུར།

    དད་སེམས་འདི་འདྲའི་རམ་འདེགས་འོག་ལོ་གསུམ་རིང་ཀའོ་ཧུང་ཧྲེང་གིས་འགོ་ཁྲིད་གཙོ་བོར་རམ་འདེགས་བྱས་ནས་སྔ་རྗེས་སུ་སྒྲིག་བཤེར་ལྟ་ཞིབ་ཁང་དང་པོ་དང་། ཏང་སྲོལ་སྲིད་སྲོལ་ལྟ་ཞིབ་ཁང་། གྱོད་གཞི་འདྲི་ཞིབ་ཁང་སོགས་ཚན་པ་མང་པོར་ལས་བགོས་འགན་འཁུར་མྱོང་ཡོད།

    “2016ལོར་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་གྱོད་དོན་ཐོ་འགོད་བྱས་ནས་གྱོད་གཞི་ཞིབ་བཤེར་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། དེ་ཡང་སྒྲིག་བཤེར་ལྟ་ཞིབ་ཁང་དང་པོས་གྱོད་དོན་ཐོ་འགོད་བྱས་ནས་གྱོད་གཞི་ཞིབ་བཤེར་བྱེད་ཚད་གྱོད་དོན་ཐོ་འགོད་བསྡོམས་འབོར་གྱི་ཕྱེད་ཀ་ཡན་བཟུང་ནས་ལོ་མཇུག་གི་དཔྱད་ཞིབ་ནང་སྒྲིག་ཨུད་ཀྱི་གྲུབ་འབྲས་ཡག་ཤོས་སུ་སླེབས་ཡོད”ཅེས་རང་སྐྱོང་ལྗོངས་རུལ་སུངས་སྔོན་འགོག་ཅུས་ཀྱི་ཅུས་ཀྲང་གཞོན་པ་སྒྲིག་བཤེར་ལྟ་ཞིབ་ཁང་དང་པོའི་ཀྲུའུ་རེན་ཝང་ཅ་མིན་གྱིས་གྲུབ་འབྲས་འདི་ལྟ་བུ་ཐོབ་པ་དེ་ལས་བགོས་འགན་འཁུར་བ་བློ་མཐུན་ཀའོ་ཧུང་ཧྲེང་གིས་བཀོད་འདོམས་དང་མཛུབ་ཁྲིད་བྱས་པ་དང་ཁ་འབྲལ་ཐབས་མེད་ཅེས་བཤད།

    ཐོག་མར་བོད་དུ་སླེབས་སྐབས་ཀའོ་ཧུང་ཧྲེང་གིས་འབུམ་རམས་པ་ཚོགས་པའི་གནས་སྐབས་ཏང་ཀྲི་པུའུ་བཙུགས་ནས་འབུམ་རམས་པ་ཚོགས་པའི་ཁོངས་མིས་དུས་ཐུང་ནང་ཁོར་ཡུག་གསར་པར་འཕྲོད་པ་དང་། འགན་གསར་པ་འཁུར་བ། ལས་གནས་གསར་པའི་ཐོག་བསྐྱོད་པ་བཅས་ལ་རོགས་རམ་བྱེད་གང་ཐུབ་བྱས་ཡོད། འབུམ་རམས་པ་ཚོགས་པའི་ཁོངས་མིའི་འཇོན་ཐང་འདོན་སྤེལ་གང་ལེགས་བྱས་ནས་ཉིང་ཁྲི་དང་གཞིས་རྩེ་སོགས་ཀྱི་དཀའ་ངལ་ཡོད་པའི་སློབ་ཆུང་དུ་གྱོན་གོས་དང་། དཔེ་དེབ། ཡིག་ཆས་བཅས་5000ལྷག་ཙམ་ཞལ་འདེབས་ཕུལ་ཡོད། “4·25”ས་ཡོམ་བརྒྱབ་རྗེས་འབུམ་རམས་པ་ཚོགས་པའི་སྣེ་ཁྲིད་དེ་ས་ཡོམ་གེགས་ཁུལ་ལ་ཞལ་འདེབས་སྒོར་ཁྲི་5བརྒྱབ་ཡོད།

    བོད་དུ་སླེབས་ཟིན་པས་ལས་རྗེས་ཡོད་པ་བྱེད་དགོས།

    “བོད་དུ་སླེབས་ཟིན་སྟབས་ཏང་ཡོན་དང་སྒྲིག་བཤེར་གྱི་ལས་བྱེད་པ་ཞིག་ཡིན་པའི་དབང་གིས་མི་དམངས་མང་ཚོགས་ཆེད་དོ་དོ་ཏན་ཏན་ངང་བྱ་བ་སྒྲུབ་དགོས”ཞེས་ལས་ཀ་བྱེད་རིང་ཀའོ་ཧུང་ཧྲེང་གིས་རང་ཉིད་ལ་སྐུལ་ལྕག་འདི་ལྟར་བྱེད་པ་མ་ཟད། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་ཏང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་བྱེད་ལུགས་དང་འགན་འཁྲི་འཁུར་སེམས་མཚོན་པར་བྱེད་ཀྱི་ཡོད།

    ལོ་གསུམ་རིང་ལམ་བར་གྱི་དཀའ་ཉེན་ཇི་ཙམ་ཆེ་བ་དང་ས་མཐོར་མ་འཕྲོད་ཀྱང་སྒྲིག་ཁྲིམས་ལག་བསྟར་དང་གྱོད་དོན་སྒྲུབ་པའི་དགོས་མཁོར་དམིགས་ཏེ་ཀའོ་ཧུང་ཧྲེང་གིས་རུ་སྣེ་ཁྲིད་ནས་ལྷོ་ཁ་དང་། ནག་ཆུ། ཆབ་མདོ་སོགས་གྲོང་ཁྱེར(ས་ཁུལ)དུ་ཐེངས་མང་བསྐྱོད། “སྒྲིག་ཁྲིམས་ལག་བསྟར་དང་གྱོད་དོན་སྒྲུབ་སྐབས་ངེས་པར་དུ་བདེ་འཇགས་འགན་ལེན་བྱེད་དགོས”ཞེས་ལོ་གསུམ་རིང་རྟག་ཏུ་ཕྱིར་སྒྲིག་ཁྲིམས་ལག་བསྟར་དང་གྱོད་དོན་སྒྲུབ་སྐབས་ཀའོ་ཧུང་ཧྲེང་གིས“ལས་རོགས་ཚོས་རང་ཉིད་ལོ་ན་མཐོ་བས་བཀོད་འདོམས་ཁུལ་ནས་བཀོད་འདོམས་བྱས་ན་འགྲིག་ཅེས་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་སྒྲིག་ཁྲིམས་ལག་བསྟར་དང་འདྲི་དཔྱོད་ལས་དོན་གྱི་ཆབ་སྲིད་རང་བཞིན་ཆེ་ལ། བླང་བྱ་མཐོ་བ་དང་དཀའ་ཚེགས་ཆེ་བས། དགོས་གལ་ཆེ་ཤོས་ནི་ངེས་པར་དུ་སྒྲིག་ཁྲིམས་ལག་བསྟར་དང་གྱོད་སྒྲུབ་ཀྱི་བདེ་འཇགས་གཏན་འབེབས་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱ་རྒྱུ་དེ་ཡིན། ལས་འཛོལ་དང་ལྷོད་གཡེང་མི་ཤོར་བ་བྱས་ནས་ངེས་པར་དུ་ལག་ལེན་ཐོག་འཁྱོལ་བ་བྱས་ཏེ་ལས་ཀར་སྣང་འཇོག་མི་བྱེད་པའི་འགོ་ཁྲིད་ཅིག་གཏན་ནས་བྱེད་མི་རུང”ཞེས་ནན་བཤད་ཡང་ཡང་བྱེད་ཀྱི་ཡོད།

    ལོ་གསུམ་རིང་ཀའོ་ཧུང་ཧྲེང་གིས་ཁ་བཤད་ལག་བསྟར་བྱེད་ཀྱི་ཡོད།

    ཀའོ་ཧུང་ཧྲེང་ཁྲག་ཤེད་མཐོ་པོ་ཡོད་སྟབས། རྟག་ཏུ་གྱོད་སྒྲུབ་ཀྱི་ལམ་བར་དུ་མགོ་ཡུ་འཁོར་བ་དང་། སྐྱུག་མེར་ལང་བ། དབུགས་ཧལ་བ་སོགས་ས་མཐོ་མི་འཕྲོད་པའི་སྣང་ཚུལ་ཤུགས་ཆེ་ཙམ་ཐོན་ནའང་ཁོང་གིས་དེའི་སྐོར་གཏན་ནས་གླེང་མྱོང་མེད། ཝང་ཅ་མིན་གྱིས“ཁོང་གི་སྡོད་གནས་དང་གཞུང་ལས་ཁང་གི་ཤུར་ཅོག་ནང་གཉིད་སྨན་དང་། ཁྲག་ཤེད་གཅོག་སྨན། ཕོ་བོའི་སྨན་སོགས་མཐོང་རྒྱུ་ཡོད། རྒྱུན་དུ་གྱོད་དོན་ཡག་པོ་སྒྲུབ་ཆེད་ཀའོ་ཧུང་ཧྲེང་གིས་ལས་རོགས་ཚོ་དང་མཉམ་དུ་གཤམ་སྐྱོད་དང་གྱོད་གཞིར་ཞིབ་འཇུག་བྱེད་ཀྱི་ཡོད”ཅེས་བཤད།

    ལོ་གསུམ་རིང་ཀའོ་ཧུང་ཧྲེང་གིས་གྱོད་གཞི་ཁག་20ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས་ནས་རྒྱལ་ཁབ་ལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི་2000ཙམ་གསབ་པས། མི་གཅིག་ཞིབ་བཤེར་ཐག་གཅོད་བྱས་ནས་ཡུག་ཁུལ་གཅིག་གི་མི་ལ་ཉེན་བརྡ་གཏོང་བའི་ཟིལ་གནོན་གྱི་ནུས་པ་ཐོན་ཏེ། རང་ལྗོངས་ཀྱི་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཆེད་སྒྲིག་བཤེར་ལས་བྱེད་པས་འབུལ་འོས་པའི་ལེགས་སྐྱེས་ཕུལ་ཡོད།

    ས་མཐོ་ཡང་མི་ཚེའི་ཤུལ་ལམ་རིང་མོའི་ཕ་ཡུལ་རེད།

    “རང་སྐྱོང་ལྗོངས་ཏང་ཨུད་དང་ལྗོངས་ཏང་ཨུད་རྩ་འཛུགས་པུས་འབུམ་རམས་པ་ཞབས་ཞུ་ཚོགས་པའི་ཁོངས་མིར་ཆབ་སྲིད་ཐད་ཡིད་ཆེས་ཆེན་པོ་དང་། ལས་ཀའི་ཐད་བློ་ཁོག་ཆེན་པོས་སྤྱོད་པ། འཚོ་བའི་ཐད་ཐུགས་ཁུར་ཆེན་པོ་གནང་གི་འདུག རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཐིང་གི་སྤྱོད་གཙང་གཞུང་དྲང་གི་ལས་ཀའི་ཁོར་ཡུག་དང་སྒྲིག་ཨུད་དང་ཐིང་གི་འགོ་ཁྲིད་གཙོ་བོའི་ཡིད་ཆེས་དང་ཐུགས་ཁུར་འོག་རང་ཉིད་ལ་ལས་ཀ་བྱེད་སེམས་ཆེན་པོ་བྱུང”ཞེས་ཀའོ་ཧུང་ཧྲེང་གིས་བཤད་པ་དང་། ཁོང་གིས“མེས་རྒྱལ་གྱི་དགོས་གལ་ཆེ་ས་དང་དཀའ་ཚེགས་ཆེ་ཤོས་ཀྱི་ས་ཁུལ་དུ་བྱས་རྗེས་འཇོག་པར་བསྐྱོད་ནས་རང་ཉིད་ཀྱི་ཕུགས་བསམ་དོན་གཉེར་དང་འཇོན་ཐང་ངོམ་རྒྱུ་ནི་ཀྲུང་དབྱང་རྩ་འཛུགས་པུའུ་དང་སྡེ་ཚོགས་ཀྲུང་དབྱང་གིས་འབུམ་རམས་པ་ཞབས་ཞུ་ཚོགས་པར་བཏོན་པའི་རེ་བ་དང་བླང་བྱ་ཞིག་རེད”ཅེས་བཤད།

    2015ལོའི་ཟླ་བཞི་པར་ས་མཐོར་སླེབས་ནས་ལོ་ཕྱེད་ཙམ་ཡང་མ་སོང་བའི་ཀའོ་ཧུང་ཧྲེང་གིས་མི་ཚེའི་གདམ་ག་ཆེ་ཤོས་ཤིག་བྱས་པ་སྟེ། བོད་དུ་དངོས་སུ་ལས་བསྒྱུར་བྱ་རྒྱུའི་རེ་འདུན་ཞུས། ཁོང་གི་སྐུལ་ཁྲིད་དང་ཤུགས་རྐྱེན་འོག་ཁག་15པའི་འབུམ་རམས་པ་ཚོགས་པའི་ཁོངས་མི་གསུམ་བོད་དུ་ལས་བསྒྱུར་བྱས་པ་དང་མི་ལྔས་དུས་ཚོད་ནར་འགྱངས་ཀྱིས་བོད་དུ་ཞབས་འདེགས་ཞུས་ནས་བསྡད།

    “ལོ་གསུམ་རིང་ཀའོ་ཧུང་ཧྲེང་གིས་ཆེད་མངགས་འཁོར་ཞག་བསྡད་ནས་པེ་ཅིང་དུ་ལོག་མྱོང་མེད། ཐ་ན་དུས་ཆེན་གྱི་སྐབས་སུའང་ལས་བྲེལ་གྱིས་ཁེངས་ནས་སྡོད་ཀྱི་ཡོད” “ཁོང་གིས་འཚོ་བའི་ནང་ལས་ཀ་བསྒྲུབ་རྒྱུ་ཁོ་ན་ལས་མེད། གྱོད་གཞི་སྒྲུབ་སྒང་མིན་ན་གྱོད་གཞི་སྒྲུབ་པའི་ལམ་བར་དུ་བསྐྱོད་བཞིན་ཡོད”ཅེས་རང་སྐྱོང་ལྗོངས་ལྟ་ཞིབ་ཐིང་གི་ལས་རོགས་ཚོས་ཀའོ་ཧུང་ཧྲེང་གི་སྐོར་གླེང་སྐབས་ཁོང་ལ་གདེང་འཇོག་དེ་ལྟར་བྱེད་ཀྱི་ཡོད།

    “ཁོང་གིས་སྙིང་རུས་ཆེན་པོ་དང་ཏན་ཏིག་ངང་ལས་ཀ་བྱས་པ་མ་ཟད། ད་དུང་རང་གཅུན་ནན་པོ་དང་གཞན་འཇམ་པོས་འདུལ་གྱི་ཡོད། ཁྲིམས་འཛིན་གྱོད་སྒྲུབ་ཀྱི་བདེ་འཇགས་ལ་འགན་ལེན་བྱ་ཆེད་ཁོང་གིས་བྱ་བ་ཆེ་ཆུང་ལ་མི་བལྟོས་པ་དང་། དོ་དམ་དང་ཚོད་འཛིན་ནན་པོ་བྱེད་པ། མང་ཚོགས་ཀྱི་མདུན་དུ་སྐྱོད་པ། རང་ཉིད་ངོ་མ་ཞུགས་པ་བཅས་བྱེད་ཀྱི་ཡོད། བསླུ་བྲིད་དང་གནོན་ཤུགས་སྣ་ཚོགས་ཀྱི་མདུན་དུ་ཁོང་གིས་འཛིང་མོ་བྱེད་ཕོད་པ་དང་། བྱ་སྤྱོད་མྱུར་དུ་སྤེལ་བ། བློ་ཐག་ཆོད་པོས་བཀོད་འདོམས་བྱེད་ཀྱི་ཡོད། ཁོང་དང་མཉམ་དུ་ལས་ཀ་བྱེད་སྐབས་ལས་ཀའི་སྤྲོ་སེམས་དང་ངར་ཤུགས་ཀྱིས་ཁེངས་པའི་ཚོར་སྣང་ཞིག་སྦྱིན་སྲིད”ཅེས་ཀའོ་ཧུང་ཧྲེང་དང་ཡུན་རིང་གཤིབ་པའི་ཀའོ་ཁྲུན་ལིན་གྱི་སྐད་ཆ་ནས་ཁོང་ལ་ཡིད་སྨོན་བྱེད་པ་ཤེས་ཐུབ།

    ལོ་གསུམ་རིང་། བོད་རང་ཉིད་ཀྱི་ཕ་ཡུལ་དུ་བརྩི་བ་དང་བོད་ཀྱི་མི་དམངས་རང་ཉིད་ཀྱི་གཉེན་ཉེར་བརྩིས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱིར་བཏང་ཏང་ཡོན་ཞིག་གི“ཟོལ་མེད་དང་། སྤྱོད་གཙང་། འགན་འཁུར་བཅས་ཀྱི་ས་མཐོར་ལེགས་སྐྱེས་འབུལ་བའི”སྙིང་སྟོབས་མངོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།