དབུ་ཤོག>གསར་འགྱུར།
  • བོད་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་ཏུ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་ཚ་རླབས་མུ་མཐུད་འཕྱུར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-11-19

    452886_yis_1510811417420.jpg

    ཉིན་ཤས་བསྟུད་མར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་བྱེད་སྒོ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་ཤག་གཉིས་ཏེང་པ་བའི་གྲོང་ཚོར་གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོ་དང་གྲོང་སྡོད་ལས་བྱེད་པ་དང་གྲོང་མི་ཚོས་ཞིང་ནང་དང་མུ་ཁར་གཅིག་སྡུད་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཞིང་། ལས་བྱེད་པ་དང་གྲོང་མི་ཚོས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ལག་གཉིས་ལ་བརྟེན་ཏེ་མཛེས་སྡུག་ལྡན་པའི་གྲོང་གསེབ་དང་འབྱོར་འབྲིང་གྲོང་གསེབ་བསྐྲུན་རྒྱུ་ཡིན་ལུགས་བརྗོད་པ།

    ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་བྱ་ཐབས་སྣ་ཚོགས་སྤྱད་པ་དང་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱས་ཤིང་། ཚང་མས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་ལ་འཁེལ་བའི་བརྗིད་ཆེའི་དམིགས་ཚད་དང་ལས་འགན་ལ་དམ་པོར་དམིགས་ནས་དེ་བས་ཆེར་བསྐྱེད་ཀྱི་སྙིང་སྟོབས་དང་། དེ་བས་ཏན་ཏིག་གི་སྤྱོད་ཚུལ། དེ་བས་ལས་དོན་ཧུར་ཐག་བསྒྲུབ་པ་བཅས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱ་ཆེད། དྲ་རྒྱའི་གྲགས་ཅན་མི་སྣ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲ་ཐོག་ནས་དྲིལ་བསྒྲགས་བྱེད་པའི་ལས་དོན་ནང་ཞུགས་རྒྱུར་སྣེ་ཁྲིད་ཧུར་ཐག་བྱས་ཤིང་། ཚེས་10ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས་ལྷ་སར“2017ལོའི་དྲ་རྒྱའི་གྲགས་ཅན་མི་སྣས་དྲང་ནུས་བརྒྱུད་བསྒྲགས་བྱེད་པའི་དྲ་ཐོག་གི་གཏམ་རྒྱུད་མཉམ་སྤྱོད་ཚོགས་འདུ”འཚོགས་ཤིང་། ད་ཐེངས་ཀྱི་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“དྲང་ནུས་བརྒྱུད་བསྒྲགས་བྱེད། མཉམ་དུ་སེམས་མཐུན་སྐྲུན”ཞེས་པ་དེ་ཡིན་པ་དང་ལྗོངས་ཡོངས་ཀྱི་དྲ་རྒྱའི་གྲགས་ཅན་མི་སྣ་50ལྷག་ཙམ་གདན་དྲངས་ནས་ཇ་སྟོན་ཚོགས་འདུའི་རྣམ་པའི་ཐོག་ནས་དྲིལ་བསྒྲགས་ལས་དོན་སྤེལ་བ་རེད། དྲ་རྒྱའི་གྲགས་ཅན་མི་སྣས་ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཇི་ལྟར་བྱ་རྒྱུའི་དྲ་རྒྱའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལས་དོན་བསྒྲུབ་རྒྱུའི་ཐད་མྱོང་ཚོར་མཉམ་སྤྱོད་དང་སྤེལ་རེས་བྱས་པ་རེད། དྲ་རྒྱའི་གྲགས་ཅན་མི་སྣ་དེ་དག་ནི་སྤྱི་ཚོགས་ཀྱི་རིམ་གྲས་མི་སྣ་གསར་པ་ཡིན་པ་དང་རྒྱ་ཆེའི་དྲ་དམངས་ཁྲོད་སྐད་གྲགས་ངེས་ཅན་ལྡན་ཡོད། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲ་སྦྲེལ་ཁྱབ་ཁོངས་ཀྱི་དྲིལ་བསྒྲགས་ལས་དོན་ཡག་པོ་བསྒྲུབས་ནས་དྲ་རྒྱའི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགོ་ཁྲིད་དབང་ཆ་སྟངས་འཛིན་ནན་པོ་བྱ་རྒྱུ་དང་། དྲ་རྒྱའི་གྲགས་ཅན་མི་སྣས་ཏང་དང་། མེས་རྒྱལ། མི་དམངས། དཔའ་བོ་བཅས་ལ་བསྟོད་གླུ་འབུལ་བའི་བརྩམས་ཆོས་རྩེ་གྲ་རྒྱུན་ཆད་མེད་པར་འདོན་རྒྱུར་སྐུལ་ལྕག་བྱ་རྒྱུ། དྲ་རྒྱའི་བརྩམས་ཆོས་ཀྱི་ཉམས་མྱུར་ལ་སྣང་ཆེན་དང་། བརྩམས་ཆོས་ལ་སྣང་ཆེན། འགན་འཁྲིར་སྣང་ཆེན་བཅས་ཁྲིད་སྟོན་བྱས་ཏེ་མ་རབས་ཐ་ཤལ་གྱི་ནང་དོན་གཏན་འགོག་བྱ་རྒྱུ། དུས་རབས་ཀྱི་རྣམ་པ་གསར་པ་དར་སྤེལ་བཏང་ནས་རྙིང་རུལ་རྗེས་ལུས་རིག་གནས་ཀྱི་བསླད་སྐྱོན་བཀག་འགོག་བྱ་རྒྱུ། མཐོང་ཟུར་དང་ཟུར་ཚད་མང་པོའི་ཐོག་ནས་རང་ལྗོངས་ཀྱི་རྒྱ་ཆེའི་དྲ་དམངས་དང་ལྷག་པར་དུ་ན་གཞོན་དྲ་དམངས་ལ་སྣེ་ཁྲིད་བྱས་ཏེ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། གསལ་པོ་ཤེས་པ། མཐར་ཕྱིན་པ་ཤེས་པ་བཅས་བྱས་ནས་བོད་ཀྱི་མཛེས་སྡུག་རྣམ་པ་རྟོགས་ཐུབ་པ་དང་བོད་ཀྱི་སྐད་སྒྲ་ཡག་པོ་བརྒྱུད་བསྒྲགས་བྱ་རྒྱུ་བཅས་རེད།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་གོ་བ་མཐར་ཕྱིན་པ་ལེན་རྒྱུར་སྣེ་ཁྲིད་བྱ་ཆེད་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་ནགས་ཐང་གྲོང་ཚོའི་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་ནགས་ཐང་གྲོང་ཚོར་བཅའ་སྡོད་ལྗོངས་རིག་གནས་ཐིང་གི་ལས་དོན་རུ་ཁག་གིས་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱས་ཏེ་བསམ་བློ་གཅིག་གྱུར་དང་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་སྒྲོག་འགྲེལ་གྱི་ཚ་རླབས་འཕྱུར་བར་བྱས་པ་དང་ཆབས་ཅིག་གྲོང་མིར་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། ཏན་ཏིག་དོན་འཁྱོལ་བཅས་ཀྱི་ཐད་གཞོལ་ཡོད། ཏང་ཡོན་ཡོངས་ཀྱི་ཏང་གི་དམ་བཅའ་བསྐྱར་དྲན་བྱས་པ་དང་ཏང་ཡོན་ཚོས་རང་རྟོགས་ངང་ཏང་གི་སྒྲིག་ཡིག་སློབ་སྦྱོང་བྱེད་པ་དང་། ཏང་གི་སྒྲིག་ཡིག་མིག་དཔེར་འཛིན་པ། ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་ཞུ་བ། ཏང་གི་སྒྲིག་ཡིག་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བཅངས་ཏེ་ནམ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས་པ་དང་། ཏང་ཡོན་གྱིས་དུད་ཚང་འགན་ལེན་དང་དུད་སྦྲེལ་གྱི་ལམ་ལུགས་ལག་བསྟར་བྱས་ནས་ཏང་ཡོན་རེ་རེས་དུད་ཚང་2ནས་3བར་ལ་ཆ་སྒྲིག་བྱས་ཏེ་ཏང་ཡོན་དང་ཆ་སྒྲིག་ཁྱིམ་ཚང་དབར་ཆ་སྒྲིག་སྒྲོག་འགྲེལ་དང་། ཆ་སྒྲིག་རོགས་སྐྱོར། ཆ་སྒྲིག་དོ་དམ་བཅས་ཀྱི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་མང་ཚོགས་ཚོས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་རྟོགས་ཚད་མཐོ་རུ་གཏོང་རྒྱུའི་བླང་བྱ་བཏོན་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་སྐབས་ནགས་ཐང་གྲོང་ཚོའི་རྒྱ་ཆེའི་ཏང་ཡོན་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས“མཐའ་བརྟན་དམངས་བདེ་དང་མཐའ་དར་དམངས་ཕྱུག”གི་བླང་བྱར་མུ་མཐུད་གཞིགས་ནས་མཐའ་མཚམས་སྲུང་སྐྱོང་ཡག་པོ་བྱས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་བྱེད་མཁན་དང་བདེ་སྐྱིད་ཀྱི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱ་རྒྱུ་ཡིན་ཞེས་བཤད།

    ཉིན་ཤས་གོང་ལྷོ་ཁ་གྲོང་ཁྱེར་གྱི་ཁྱབ་ཁོངས་སུ“མ་དེབ་ཀློག་པ་དང་། མ་རྩོམ་སྦྱོང་བ། རྩ་བའི་རིག་པ་རྟོགས་པ”བཅས་ཀྱི་བྱེད་སྒོ་སྤེལ་ཞིང་། ལྷོ་ཁ་གྲོང་ཁྱེར་གྱིས་རྫོང(ཆུས)ཁག་དང་ཚན་པ་ཁག་གིས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། “མ་དེབ་ཀློག་པ་དང་།མ་རྩོམ་སྦྱོང་བ། རྩ་བའི་རིག་པ་རྟོགས་པ”བཅས་ཀྱི་ལས་དོན་ཁག་ཡག་པོ་སྤེལ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།