དབུ་ཤོག>གསར་འགྱུར།
  • བོད་སྐྱོར་གྱི་རོགས་སྐྱོར་ལམ་སྲོལ་གསར་པ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-11-17

    ཉེ་ཆར་དཔལ་འབར་རྫོང་གིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལྟེ་བའི་ལས་འགན་ལ་དམིགས་ནས་ཧྥུའུ་ཅན་བོད་སྐྱོར་ལས་དོན་རུ་ཁག་དང་འབྲེལ་བ་ཧུར་ཐག་བྱས་ཏེ་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་ཟབ་ཏུ་བཏང་ནས་ཧྥུའུ་ཅན་གྱི་ཆུས་དང་རྫོང་གིས་བོད་ཀྱི་ཤང་དང(གྲོང་རྡལ)ལ་ཁ་གཏད་རོགས་སྐྱོར་དང་། ནང་སའི་ཤང་དང(གྲོང་རྡལ)གྱིས་བོད་ཀྱི་གྲོང་ཚོ(གྲོང་ལྷན)ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་ཀའི་ལམ་སྲོལ་གསར་པ་འཚོལ་ཞིབ་བྱས་ནས་བཙུགས་པ་རེད།

    རང་འགུལ་ངང་སྦྲེལ་མཐུད་ཧུར་ཐག་བྱས་ནས་རོགས་སྐྱོར་གྱི་ལམ་སྲོལ་གསར་པ་འཚོལ་ཞིབ་བྱས་པ། ཁག་བརྒྱད་པའི་ཧྥུའུ་ཅན་བོད་སྐྱོར་ལས་དོན་སྤེལ་བ་ནས་བཟུང་། དཔལ་འབར་རྫོང་གིས་ཧྥུའུ་ཅན་གྱི་བོད་སྐྱོར་ལས་དོན་ལ་རང་འགུལ་ངང་སྦྲེལ་མཐུད་ཧུར་ཐག་བྱས་པ་དང་། ཀྲང་ཀྲོའུ་གྲོང་ཁྱེར་དང《ཀྲང་ཀྲོའུ་གྲོང་ཁྱེར་ལུང་ཝུན་ཆུས་པུའུ་ཝུན་གྲོང་རྡལ་གྱིས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ལྷ་རྩེ་ཤང་ལྷ་རྩེ་གྲོང་ཚོར་ཁ་གཏད་རོགས་སྐྱོར་བྱེད་པའི་གྲོས་མཐུན》ལ་མིང་རྟགས་བཀོད་དེ་ཀྲང་ཀྲོའུ་གྲོང་ཁྱེར་ལུང་ཝུན་ཆུས་ཀྱིས་པུའུ་ཝུན་གྲོང་རྡལ་ལ་ཆ་སྒྲིག་རོགས་སྐྱོར་བྱེད་པ་དང་། ལྷ་རྩེ་གྲོང་ཚོར་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པ་དང་ཤང་སྲིད་གཞུང་གི་དགུན་སྒྲོལ་དྲོད་ལེན་སྒྲིག་བཀོད་དང་མངགས་གཏོང་ཁང་གི་ཤེལ་ཁང་་འཛུགས་སྐྲུན་བྱེད་པ་སོགས་ཀྱི་རྣམ་གྲངས་ལ་ཆ་སྒྲིག་རྒྱབ་སྐྱོར་བྱེད་རྒྱུ་ཁ་གསལ་བཟོས་ཡོད། མིག་སྔར་ཧྥུའུ་ཅན་གྱི་ཁེ་ལས་6དཔལ་འབར་རྫོང་དུ་དངོས་སུ་སླེབས་ནས། ཁྱོན་མ་དངུལ་སྒོར་དུང་ཕྱུར་7.5བཏང་ཡོད་པ་རེད།

    ཤེས་ལྡན་མི་སྣ་སྤེལ་རེས་ལ་དོ་ཁུར་བྱས་ནས་རོགས་སྐྱོར་གྱི་བསམ་ཕྱོགས་གསར་པ་རྒྱ་ཆེར་བཏང་བ། དཔལ་འབར་རྫོང་གི་ཁོའོ་རིམ་པའི་ལས་བྱེད་པ་30ཧྥུའུ་ཅན་ཞིང་ཆེན་ཀྲང་ཀྲོའུ་དང་ལུང་ཡན་གྲོང་ཁྱེར་དུ་དུས་ཡུན་ཟླ་བ་གཉིས་ཀྱི་གནས་སྦྱར་སྦྱོང་བརྡར་བྱེད་པར་མངགས་པ་དང་འབྲེལ་ཧྥུའུ་ཅན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་2དང་། ཚན་པ་40ཡི་མི་ཐེངས་300ལྷག་ཙམ་ཆབ་མདོར་རྟོག་ཞིབ་བྱེད་པར་གདན་དྲངས་པ་རེད། ཏ་མེན་བཟའ་བཅའ་སོགས་ཁེ་ལས་བཅུར་ལྟ་སྐོར་གཏིང་ཟབ་བྱས་ཏེ་སྔོན་ཐོན་གྱི་དོ་དམ་འདུ་ཤེས་དང་། ལས་ཀའི་བྱ་ཐབས། འཕེལ་རྒྱས་ཀྱི་བསམ་ཕྱོགས་བཅས་སློབ་སྦྱོང་བྱས་ནས་མཐོང་རྒྱ་ཆེ་རུ་གཏོང་བ་དང་། འདུ་ཤེས་སྒྱུར་བ། འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་པ་རེད།

    ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་སྤེལ་བཏང་ནས་རོགས་སྐྱོར་གྱི་ཁྱབ་ཁོངས་གསར་པ་རྒྱ་ཆེར་བཏང་བ། ཧྥུའུ་ཅན་བོད་སྐྱོར་ལས་དོན་རུ་ཁག་གིས་ཀྲང་ཀྲོའུ་དང་། ལུང་ཡན་གྲོང་ཁྱེར། དཔལ་འབར་རྫོང་བཅས་ཀྱི་ཆ་སྒྲིག་རོགས་སྐྱོར་གྱི་ཉམས་མྱོང་ཕྱོགས་སྡོམ་ལ་དོ་སྣང་བྱས་པ་དང་། མཛོ་སྒང་དང་། དཔའ་ཤོད། ལྷོ་རོང་བཅས་ཀྱི་ལས་དོན་རུ་ཁག་དང་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་བོད་སྐྱོར་ལས་བྱེད་པའི་རྗེས་སུ་འབྲངས་ནས་ཆ་སྒྲིག་རོགས་སྐྱོར་གྱི་མ་ལག་འཐུས་སྒོ་ཚང་དུ་བཏང་བ་དང་། ཐོན་ལས་དང་། རྣམ་གྲངས། ལག་རྩལ། ཤེས་ལྡན་མི་སྣ་སོགས་ཕྱོགས་མང་པོ་ནས་སྦྲེལ་མཐུད་ཐུབ་རྒྱུར་སྐུལ་འདེད་བཏང་བས། ཞ་མོན་གྲོང་ཁྱེར་ཧུའུ་ལི་ཆུས་དང་མཛོ་སྒང་རྫོང་ཝ་མདའ་གྲོང་རྡལ་སོགས་ཀྱི་རོགས་སྐྱོར་འདོད་འདུན་ཁག་གཅིག་འགྲུབ་རྒྱུར་སྐུལ་མ་ཐེབས་པ་རེད། མིག་སྔར་ཧྥུའུ་ཅན་གྱི་ཁེ་ལས་7ཆབ་མདོ་གྲོང་ཁྱེར་དུ་ཐོ་འགོད་བྱས་པ་དང་། ཧྥུའུ་ཅན་དགེ་སྒྲུབ་སྒྲིག་གཞི་དང་ཕྱིར་སྡོད་ཀྲུང་གོ་བ་སོགས་ཀྱི་སེམས་བཟང་ཅན་དང་འབྲེལ་བ་རྒྱ་ཁྱབ་བྱས་ནས་དངུལ་སྒོར་ཁྲི་100ཙམ་དང་རིན་ཐང་སྒོར་ཁྲི་600ལྷག་ཙམ་རི་བའི་དངོས་རྫས་ཞལ་འདེབས་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།