དབུ་ཤོག>གསར་འགྱུར།
  • ཚང་མ་མཉམ་དུ་འཛོམས་ནས་ཞིམ་མངར་ཟས་ལ་རོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-11-15

    ཉེ་ཆར། ཆུ་ཤུར་རྫོང་རྟ་དཀར་ཤང་བྱེ་ནུབ་གྲོང་ཚོ་ཨུ་ལྷན་དུ་ཧ་ཅང་འཁྲུག་ཆ་དོད་པོ་འདུག “བོད་རིགས་དང་རྒྱ་རིགས་ཨ་མ་གཅིག་གི་ཕྲུ་གུ་ཡིན། ང་ཚོའི་ཨ་མའི་མིང་ལ་ཀྲུང་གོ་ཟེར”ཞེས་པའི་གླུ་སྒྲ་གྲོང་ཚོ་ཨུ་ལྷན་ནས་བར་མེད་དུ་གྲགས་འོང་ལ། གྲོང་ཚོ་ཨུ་ལྷན་དུ་སྐྱོད་སྐབས་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་དུད་ཚང་གི་འཐུས་མི་དང་མི་རིགས་ཁག་གི་ལས་བྱེད་པ་མཉམ་དུ་འཛོམས་ནས་ཅའོ་ཙེ་བཟོ་རྒྱུར་བྲེལ་བཞིན་འདུག

    “བཟོ་ལྟ་མི་འདྲ་བའི་ཅའོ་ཙེ་དག་ང་ཚོ་མི་རིགས་56གི་ཁྱིམ་ཚང་ཆེ་མོ་དང་འདྲ་བར་ཐུན་མོང་མཉམ་གནས་དང་དཀྱེལ་ཡངས་ཞི་མཐུན་ངང་གནས་ཡོད”ཅེས་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་དུད་ཚང་གི་འཐུས་མི་ཀྲུའུ་ཏེང་ཧུའེ་ཡིས་དེ་ལྟར་བཤད། ཀྲུའུ་ཏེང་ཧུའེ་ནི་མཚོ་སྔོན་ཞིང་ཆེན་མིན་ཧོ་རྫོང་གི་ཧོར་རིགས་ཡིན་པ་དང་འདི་ལོ་ལོ་30ལ་སླེབས་པ་དང་རྟ་དཀར་ཤང་བྱེ་ནུབ་གྲོང་ཚོའི་ཚོགས་ཆུང་དྲུག་པར་སྡོད་ཀྱི་ཡོད། ཀྲུའུ་ཏེང་ཧུའེ་ཡིས་ཁོ་པ་དང་བཟའ་ཟླ་ཆུང་བདག་གཉིས་པོས་བྱེ་ནུབ་གྲོང་ཚོར་འཚོ་བ་བསྐྱལ་ནས་ལོ་བཅུ་གྲངས་འདས་སོང་། ད་ཆ་ང་རང་བོད་རིགས་སྤུན་ཟླའི་འཚོ་བར་གོམས་འདུག་ལ། བོད་རིགས་ཁྱིམ་ཚང་དང་ཕན་ཚུན་སློབ་སྦྱོང་དང་རོགས་རེས་བྱས་ནས་འཆམ་མཐུན་མཉམ་གནས་བྱེད་ཀྱི་ཡོད། ལོ་བཅུ་ལྷག་ཙམ་རིང་ང་ཚོ་དང་གྲོང་པ་ཁྱིམ་མཚེས་ཁྱིམ་ཚང་གཅིག་དང་འདྲ་བར་འབྲེལ་བ་ཧ་ཅང་ཟབ་པོ་ཡོད་པ་དང་། ད་བར་དུ་འགལ་བ་བྱུང་མ་མྱོང་ཞེས་བཤད། ནང་མི་དང་འཆམ་མཐུན་མཉམ་གནས་བྱས་པས་ས་ཆ་གང་རུང་ཞིག་དང་མི་རྒན་པ་དང་བུ་ཕྲུག་སུ་ཞིག་ཡིན་རུང་ཁོང་ཚོའི་ཁྱིམ་ནི་གྲོང་པ་ཁྱིམ་མཚེས་ཚོས་ཡིད་སྨོན་བྱ་ཡུལ་དང་བར་གསེང་སྐབས་ཀྱི་བསྔགས་ཡུལ་དུ་གྱུར་ཅིང་། རྒྱུན་དུ་ཚང་མ་མཉམ་དུ་འཛོམས་ནས་ཅི་འཕྲོས་མོལ་འཕྲོས་དང་སྙིང་གཏམ་ཤོད་རེས་ཀྱང་བྱེད་ཀྱི་ཡོད། སྐབས་རེ་ཐ་ན་ཁོང་གཉིས་བཙལ་ནས་རང་ཁྱིམ་གྱི་དོན་ཆེན་ལ་གླེང་མོལ་བྱེད་པར་སྦྲན་གྱི་ཡོད་པ་རེད། གྲོང་པ་ཁྱིམ་མཚེས་ལ་དཀའ་ངལ་སྣ་ཚོགས་འཕྲད་སྐབས་ཀྲུའུ་ཏེང་ཧུའེ་ཡིས་རང་ནུས་ལྕོགས་ཚོད་ཀྱིས་རོགས་རམ་བྱེད་ཀྱི་ཡོད་པས། གྲོང་པ་ཁྱིམ་མཚེས་ཚོས་དགའ་པོ་དང་ཡིད་ཆེས་བྱེད་ཀྱི་ཡོད།

    ཅའོ་ཙེ་བཟོས་ཚར་རྗེས་བྱེ་ནུབ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་སྙན་པའི་གླུ་དབྱངས་བླངས་ནས་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་དུད་ཚང་གི་འཐུས་མི་དང་གྲོང་མི་ཚོ་ལྷན་དུ་འཛོམས་ནས་ཞིམ་མངར་ཟས་མཆོག་ལ་རོལ་བ་དང་། ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་དུས་བབ་ལས་བྱུང་བའི་དྲོ་སྐྱིད་དང་བདེ་སྐྱིད་འཚོ་བའི་སྐོར་ལ་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་གར་སྟེགས་ཐོག་འཁྲབ་སྟོན་བྱེད་པའི་མི་རིགས་མི་འདྲ་བའི་འཁྲབ་སྟོན་པ་ཚོའི་རིག་རྩལ་འཁྲབ་སྟོན་ལ་ཅི་དགར་རོལ་བཞིན་མཆིས། འཁྲབ་སྟོན་བྱེད་སར་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། མི་རིགས་མི་འདྲ་བ་མཉམ་དུ་མི་རིགས་མཐུན་སྒྲིལ་ཆེན་པོར་བསྟོད་གླུ་ལེན་པའི་ཞི་མཐུན་གྱི་རྣམ་པ་མངོན་བྱུང་།

    བྱེ་ནུབ་གྲོང་ཚོའི་གྲོང་མི་པ་སངས་ཀྱིས“ལོ་འདི་དག་ནང་ང་འཚོ་གནས་བྱེད་པའི་གནས་འདིར་འཕོ་འགྱུར་ཆེན་པོ་བྱུང་སོང་། ལམ་བུ་ཇེ་ཡངས་སུ་ཕྱིན་པ་དང་ཡོང་འབབ་མང་དུ་ཕྱིན་ནས་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་ཕྱིན་སོང་། དེ་དག་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་དང་ཁ་འབྲལ་ཐབས་མེད། ལྷག་དོན་དུ་འདི་ལོ་ཆུ་ཤུར་རྫོང་གིས་བྱེད་སྒོ་རབ་དང་རིམ་པས་སྤེལ་བ་དང་། བྱེད་སྒོ་སྤེལ་རིང་རྒྱ་རིགས་ཀྱི་བུ་མོ་ཞིག་དང་ངོ་ཤེས་ནས་མཇུག་མཐར་མི་ཚེ་གཅིག་གི་གཏན་གྲོགས་སུ་གྱུར་པ་ཡིན། རང་ཉིད་ཀྱི་འཚོ་བ་ལེགས་སུ་འགྲོ་བ་དང་ཆབས་ཅིག་རྒྱུན་གཏན་འཚོ་བའི་ཁྲོད་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་ཟླ་གྲོགས་ཤིག་མང་དུ་ཕྱིན་སོང་ཞེས་གསར་འགོད་པར་བཤད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།