དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ལ་དམ་འཛིན་ནན་པོ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ཝང་ཧྲན།   |     སྤེལ་དུས།  2017-11-15

    མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་སྤེལ་རྒྱུ་ནི་རྒྱུན་གཏན་རང་བཞིན་གྱི་ལས་དོན་ཞིག་ཡིན་ལ། བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཀྱང་ཡིན་པས། དེར་ཏང་ཨུད་ཀྱི་གཅིག་གྱུར་འགོ་ཁྲིད་དང་། ཏང་སྲིད་ཀྱི་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། མི་རིགས་ལས་དོན་སྡེ་ཚན་གྱི་ཕྱོགས་བསྡུས་མཐུན་སྦྱོར། སྡེ་ཚན་ཁག་དབར་ཞོགས་འདེགས་དམ་ཟབ་བྱེད་པ་བཅས་ཀྱི་འགོ་ཁྲིད་ཀྱི་སྒྲིག་གཞི་དང་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས། ལྷ་ས་གྲོང་ཁྱེར་གྱི་གོང་འོག་ཚང་མས་མུ་མཐུད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་ལས་དོན་གྱི་ཁྱོན་ཡོངས་ལ་ཁྱབ་པའི་གཙོ་རྐང་དུ་བརྩིས་ནས་དམ་འཛིན་ནན་པོ་དང་། དམ་འཛིན་ཚགས་ཚུད། དམ་འཛིན་ཏན་ཏིག་བཅས་བྱེད་དགོས།

    དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ལྟེ་བར་དམིགས་ནས་གཏོད་འཛུགས་བྱེད་སྒོ་གཏིང་ཟབ་ཏུ་གཏོང་བ་དང་ཐབས་བརྒྱ་ཇུས་སྟོང་ངང་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་མགྱོགས་པོ་ཡོང་བ་བྱེད་དགོས་པ་དང་། དམངས་འཚོ་ལེགས་གཏོང་གི་གཞི་རྩར་དམིགས་ནས་གཏོད་འཛུགས་བྱེད་སྒོ་གཏིང་ཟབ་ཏུ་གཏོང་བ་དང་། མང་ཚོགས་ཀྱིས་གླེང་མང་བའི་གནད་དོན་དང་དཀའ་གནད་ལ་གཞིགས་ཏེ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ནས་གཏོད་འཛུགས་ལས་དོན་ཁྲོད་མི་རིགས་ཁག་གི་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་ཁ་ཚ་དགོས་གཏུག་ཆེ་ཤོས་ཡིན་པ་བཅས་ཀྱི་དོན་དངོས་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་གཏོང་བ་བཅས་ཀྱི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གྱི་མང་ཚོགས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས། རིག་གནས་རྒྱུན་འཛིན་གྱི་སྲུང་ཐག་ལ་དམིགས་ནས་གཏོད་འཛུགས་ལས་དོན་གཏིང་ཟབ་ཏུ་གཏོང་དགོས་ཁར། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་རིང་གི་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་ཀྱི་ནུས་པ་ཧུར་ཐག་བཏོན་ནས་མི་རིགས་རིག་གནས་ཀྱི་ཡིད་དབང་འགུག་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཏན་ཏིག་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ལ་གསོན་ཤུགས་གསར་པ་བསྣན་དགོས། སྲིད་ཇུས་དྲིལ་བསྒྲགས་ཀྱི་རྨང་གཞི་དེར་དམིགས་ནས་གཏོད་འཛུགས་བྱེད་སྒོ་གཏིང་ཟབ་ཏུ་གཏོང་བ་དང་སྤྱི་ཚོགས་ཡོངས་ཀྱིས་ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་བསམ་པ་དང་བློ་བརྟན་རང་བཞིན་ཏན་ཏིག་ངང་ཆེ་རུ་གཏོང་དགོས་ཤིང་། སྤྱི་ཚོགས་བརྟན་ལྷིང་གི་འགག་རྩར་དམིགས་ནས་གཏོད་འཛུགས་ལས་དོན་གཏིང་ཟབ་ཏུ་གཏོང་བ་དང་མི་རིགས་ཁག་མཉམ་སྡོད་དང་། མཉམ་དུ་སློབ་སྦྱོང། མཉམ་དུ་ལས་སྒྲུབ། མཉམ་དུ་སྤྲོ་སྣང་འཕེལ་བ་བཅས་ཀྱི་སྤྱི་ཚོགས་ཀྱི་ཆ་རྐྱེན་ཧུར་ཐག་བཏོད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་པ་དང་། དུས་མཚུངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གྱི་རྩ་འཛུགས་ཀྱི་འགོ་ཁྲིད་ལམ་སྲོལ་དང་། མཐུན་སྦྱོར་གཞོགས་འདེགས་ཀྱི་ལམ་སྲོལ། ལྟ་སྐུལ་ཞིབ་བཤེར་གྱི་ལམ་སྲོལ། གྲོན་དངུལ་གཏོང་བའི་ལམ་སྲོལ་བཅས་འཐུས་སྒོ་ཚང་དུ་བཏང་སྟེ་གཏོད་འཛུགས་ལས་དོན་ལ་དངོས་ཕན་ཐོབ་རྒྱུའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།