དབུ་ཤོག>གསར་འགྱུར།
  • ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་སློབ་གསོའི་ལས་དོན་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-11-10

    ཉེ་བའི་ལོ་ཤས་རིང་། ལྷ་ས་སྡེ་ཚོགས་གྲོང་ཨུད་ཀྱིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་གུང་གཞོན་སྡེ་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་འཁྱུག་འོད་བྱ་སྤྱོད་རིམ་བཞིན་གྲོང་ཁྱེར་དེའི་རིམ་ཁག་སྡེ་ཚོགས་རྩ་འཛུགས་ཀྱི་ལས་དོན་ཁག་གི་གཙོ་རྐང་དུ་གྱུར་ནས། གཞོན་ནུ་ལོ་ཆུང་གི་མི་རིགས་སློབ་གསོའི་ལས་དོན་གྱི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཚོལ་ཞིབ་ཐུབ་པ་དང་འབྲེལ། “རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་གྲོང་ཁྱེར་གཏོད་པའི”བྱེད་སྒོའི་གཞི་རྟེན་གལ་ཆེན་དུ་གྱུར་ཐོག ལྷ་ས་གུང་གཞོན་སྡེ་ཚོགས་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་སློབ་གསོའི་བྱེད་སྒོའི་ལག་ལེན་གྱི་ཁྱད་ཆོས་གྲུབ་ཡོད་པ་རེད།

    བློ་བརྟན་འགྱུར་མེད་ངང་གཞོན་ནུ་ལོ་ཆུང་གི་བསམ་བློ་ཆབ་སྲིད་སློབ་གསོར་ཤུགས་སྣོན་བརྒྱབ་པ། ལྷ་ས་སྡེ་ཚོགས་གྲོང་ཨུད་ཀྱིས་ཏང་དབུ་བརྙེས་པའི་ཉིན་མོ་དང་། རྒྱལ་སྟོན་ཉིན་མོ། ལྔ་བཞི་གཞོན་ནུའི་དུས་ཆེན་སོགས་དུས་ཆེན་སྐབས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་གོ་སྐབས་སུ་བྱས་ནས། པར་རིས་འགྲེམས་སྟོན་དང་། གཏམ་བཤད། རྩོམ་བསྡུ་སོགས་རྣམ་པ་སྣ་ཚོགས་སྤྱད་དེ་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི་ཁྲོད“མི་རིགས་མཐུན་སྒྲིལ་ནི་བདེ་སྐྱིད་དང་། ཁ་ཕྲལ་ཟིང་ཆ་ནི་ཆག་སྒོ་ཡིན་པའི”བརྗོད་དོན་གཙོ་བོའི་ཁ་ཕྲལ་ལ་ངོ་རྒོལ་གྱི་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་དང་ཡུན་རིང་སྤེལ་བ་དེ་ཞིང་འབྲོག་ཁུལ་དང་། མཐོ་འབྲིང་། དམའ་འབྲིང་། འབྲིང་རིམ་ལས་རིགས་སློབ་གྲྭ སློབ་ཆུང་། དཔུང་སྡེ། ཁེ་ལས། མཉམ་ལས་ཁང་སོགས་ཀྱི་གཞོན་ནུ་ལོ་ཆུང་ཚོགས་སྤྱིར་ཁྱབ་པར་བྱས་པ་རེད།

    བློ་བརྟན་འགྱུར་མེད་ངང་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་ཤུགས་སྣོན་བརྒྱབ་པ། སློབ་གཉེར་ལ་ལྟ་སྐུལ་བྱེད་རེས་དང་། མི་རིགས་ཀྱི་ཁྱད་ཆོས་ངོ་སྤྲོད། ཡུལ་སྲོལ་གོམས་གཤིས་ཉམས་ལེན་སོགས་ཀྱི་རྣམ་པ་བརྒྱུད་སློབ་གྲྭར་ཞི་མཐུན་མཐུན་སྒྲིལ་གྱི་རྣམ་པ་ཞིག་ཆགས་ཡོད་པ་རེད། མི་རིགས་མི་འདྲ་བའི་གཞོན་ནུ་ལོ་ཆུང་མཉམ་དུ་སྦྱོང་བརྡར་དང་། མྱོང་རོལ། ལྟ་སྐོར། སློབ་སྦྱོང་། སྤེལ་རེས། ངལ་རྩོལ། རོལ་རྩེད་བཅས་ཀྱི་བྱ་ཐབས་བརྒྱུད་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་དང་། དམག་དམངས་ཀྱི་བརྩེ་བ་ཟབ་མོ་ཉམས་ལེན། གཞོན་ནུ་ལོ་ཆུང་གི་སྤེལ་རེས་ལ་སྐུལ་འདེད། གཞོན་ནུ་ལོ་ཆུང་གི་བྱང་ཚད་སྐྱེད་སྲིང་བཅས་བྱས་ཏེ། གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་སློབ་གསོ་སྔར་བས་ཟབ་ཏུ་བཏང་བ་རེད།

    བློ་བརྟན་འགྱུར་མེད་ངང་ལག་ལེན་ཁྲོད་ནས་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ། ན་གཞོན་གསར་གཏོད་ལས་གཏོད་དང་ལེགས་གཏོད་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། 2015ལོ་དང་2016ལོར་མ་དངུལ་སྒོར་ཁྲི་150དང་ཁྲི་200བརྩོན་ལེན་གྱིས“ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་ན་གཞོན་གསར་གཏོད་ལས་གཏོད་ཀྱི་བརྙན་འཕྲིན་འགྲན་བསྡུར་ཆེ་མོ”དང“ལྷ་ས་གྲོང་ཁྱེར་གྱི་སྐབས་གཉིས་པའི་ན་གཞོན་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེ་མོ”གཉེར་འགན་འཁུར་བ་དང་། བྱེད་སྟངས་དེ་སྡེ་ཚོགས་ལྗོངས་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7གྱི་གུང་གཞོན་སྡེ་ཚོགས་ཁྲོད་ཁྱབ་གདལ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།