སློབ་སྦྱོང་བྱེད་པའི་རིང་ལ་གཞི་རྩ་བརྟན་གཏོང་དང་ཚད་ལོན་བྱེད་པའི་རིང་ལ་རང་བཞིན་མངོན་པར་བྱས་པ།
འདི་ལོ་ཤར་ཚུན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཡིག་ལ་གོང་བཀུར་དང་ཏང་གི་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་རྒྱུ་རྩ་བའི་བླང་བྱར་འཛིན་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སྤྱད་ནས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱས་པ། ལས་དོན་ལ་སྐུལ་འདེད་བཏང་བས་རང་ལྗོངས་ཀྱི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་བསྒྱུར་རྒྱུའི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
གོང་གིས་འོག་ལ་སྣེ་ཁྲིད་ཀྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ།
“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ཚུན། རང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་མཐུན་སྦྱོར་ཚོགས་ཆུང་བཙུགས་པ་དང་འབྲེལ་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་ཇུས་གཞི་ཞིབ་འཇུག་བྱས་ནས་བཀོད་པ་དང་། གྲོང་ཁྱེར་དང་ས་ཁུལ་ཁག་དང་རང་སྐྱོང་ལྗོངས་ཀྱི་ལས་རིགས་ཁག་གི་ཁོངས་གཏོགས་ཏང་གི་ལས་དོན་ཨུ་ལྷན་གྱི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག《〈ལྗོངས་ཡོངས་ཀྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི〉པར་འགྲེམས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་གི་བརྡ་ཐོ》པར་འགྲེམས་བྱས་ཡོད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་། ཏང་ཨུད་ཀྱི་ཚོགས་འདུ། ཏང་ཀྲི་པུའི་ཚོགས་འདུ་སོགས་རྣམ་པ་བརྒྱུད། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་དང་བཀོད་སྒྲིག་བྱས་པ་དག་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ཡོད།
ལྗོངས་ཏང་ཨུད་ཀྱིས་སློབ་སྦྱོང་སློབ་གསོར་ཚད་མཐོའི་མཐོང་ཆེན་བྱས་པ་དང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སྣེ་ཁྲིད་དཔེ་སྟོན་བྱས་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ཆེད་དོན་ཚོགས་འདུ་ཐེངས་མང་བཀོད་སྒྲིག་བྱས་པ་དང་འབྲེལ་ཆིང་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཏའེ་མུའུ་ཚའེ《བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ》ཞེས་པའི་ཆེད་དོན་ཟུར་ཁྲིད་སྙན་ཞུ་གནང་བར་གདན་དྲངས་པ་རེད།
ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ལག་ལེན་བྱེད་སྒོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། མིག་སྔའི་བར་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་སྔ་རྗེས་སུ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་དང་། བཞུགས་མོལ་ཚོགས་འདུ། སྐུལ་འདེད་ཚོགས་འདུ་བཅས་ཐེངས་21068འཚོགས་པ་དང་ཚན་པ་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞིབ་ཕྲའི་ལག་བསྟར་ཇུས་གཞི་14659བཏིངས་པ་དང་། ལྟ་སྐུལ་མཛུབ་ཁྲིད་ཀྱི་ཇུས་གཞི་4186བཏིངས་པ། སློབ་སྦྱོང་འཆར་གཞི་16914བཀོད་པ། སློབ་སྦྱོང་གི་དཔྱད་གཞིའི་ཡིག་རིགས་ཁྲི་152.6ལྷག་ཙམ་སྤྲད་ཡོད།
བསམ་སྤྱོད་གཅིག་མཐུན་གྱིས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པ།
གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རིགས་དབྱེའི་མཛུབ་ཁྲིད་ལ་མཐའ་འཁྱོངས་ཀྱིས་རིམ་པ་མི་འདྲ་བ་དང་། ཁྱབ་ཁོངས་མི་འདྲ་བ། ལས་རིགས་མི་འདྲ་བ། ཚན་པ་མི་འདྲ་བ་བཅས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ། སློབ་སྦྱོང་སློབ་གསོའི་ནང་དོན་དང་སྒྲིག་འཛུགས་བྱེད་སྟངས་ལ་ཞིབ་ཕྲའི་བླང་བྱ་བཏོན་ཡོད། གཞི་རིམ་ཏང་རྩ་འཛུགས་ཁག་གིས་ཀྱང་ཀྲི་པུའི“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་གཞི་རྩའི་ལམ་ལུགས་གང་ལེགས་སྤྱད་དེ་མི་སྒེར་གྱིས་རང་སྦྱོང་དང་། ཆེད་དོན་ཞིབ་བསྡུར། ཏང་གི་སློབ་ཚན་ཡག་པོ་འཚོག་པ། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྒྲིག་འཛུགས་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཡོད།
——རྒྱ་བསྐྱེད་གཏིང་ཟབ་མཐའ་འཁྱོངས་ཀྱིས“སློབ་སྦྱོང”རྒྱུན་རྣམ་ཅན་དུ་གྱུར་པར་བྱས་པ། ཐོག་མཐའ་བར་གསུམ་དུ་རྒྱུན་མཐུད་སློབ་སྦྱོང་དང་། སློབ་སྦྱོང་གཏིང་ཟབ། ཡུན་རིང་སློབ་སྦྱོང་བཅས་ལ་གཞོལ་ཞིང་། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་སློབ་སྦྱོང་དང་གསུང་བཤད་རབ་དང་རིམ་པ་སྦྱོང་བ་རྒྱུན་གཏན་རང་བཞིན་གྱི་སློབ་གསོའི་གཞི་རྩའི་ནང་དོན་ལ་བརྩིས་ནས་རྒྱ་ཆེའི་ཏང་ཡོན་ལ་རང་རྟོགས་ངང་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་ལ་བརྟེན་ནས་གཏམ་སྤྱོད་ཚད་ལྡན་དུ་གཏོང་བ་དང་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པའི་སློབ་གསོ་དང་ཁྲིད་སྟོན་བྱས་ཡོད།
——བསམ་སྤྱོད་གཅིག་མཐུན་ཡོང་རྒྱུ་མཐའ་འཁྱོངས་ཀྱིས“ཚད་ལོན”རྣམ་ཀུན་གྱི་འཚོ་བར་ཁྱབ་པར་བྱས་པ། རྒྱ་ཆེའི་ཏང་ཡོན་ལ་སློབ་སྦྱོང་སློབ་གསོ་ས་ཁུལ་དེ་ག་དང་། སྡེ་ཚན་དེ་ག ཚན་པ་དེ་ག་བཅས་ཀྱི་ལས་འགན་གཙོ་བོ་ལེགས་སྒྲུབ་བྱེད་པ་དང་ཟུང་འབྲེལ་དང་གནད་སྨིན་དབུལ་སྒྲོལ་དང་། གཞི་རིམ་ཏང་འཛུགས་སྐྱོང་། དམངས་ཆེད་བྱ་བ་དངོས་སྒྲུབ་པ་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་ཕྱོགས་གཉིས་ནས་དམ་འཛིན་དང་། ཕྱོགས་གཉིས་པོར་དམ་འཛིན། ཕྱོགས་གཉིས་ནས་སྐུལ་འདེད། ཕྱོགས་གཉིས་མི་འཕྱུགས་པ་བཅས་ཡོང་བའི་སློབ་གསོ་དང་ཁྲིད་སྟོན་བྱས་ཡོད།
——གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས“ལེགས་བཅོས”གོམས་གཤིས་སུ་གྱུར་པར་བྱས་པ། “ལེགས་བཅོས”དམ་པོར་འཛིན་པ་དང་། “སྣང་ཆེན་བཞི་དང་ཡོད་པ་བཞིའི”ཚད་གཞི་དང“ཚད་ལོན་བཞིའི”བླང་བྱ་དང་སྡུར་བ་བྱེད་པ། གནད་དོན་ལ་དམིགས་ནས་ནང་དོན་མི་འགྱུར་བར་བྱེད་པ། གནད་དོན་དམ་པོར་བཟུང་བ་ལས་ལྷོད་གཡེང་མི་ཤོར་བ་བྱེད་པ་བཅས་ཀྱིས་ཞིབ་བཤེར་བྱེད་ཞོར་དུ་ལེགས་བཅོས་དང་། འཕྲལ་དུ་ལག་བསྟར། འཕྲལ་དུ་ལེགས་བཅོས་བཅས་བྱས་ཡོད།
གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་སྟེ་ལྟ་སྐུལ་ཞིབ་བཤེར་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ།
གྲོང་ཁྱེར་དང་ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ལག་ལེན་བྱེད་སྒོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བའི་དྲིལ་བསྒྲགས་ལས་དོན་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་པ་དང་། རང་སྐྱོང་ལྗོངས་ཀྱིས་བཀོད་སྒྲིག་ཞིབ་ཚགས་བྱས་པའི་ལག་ལེན་གྱི་གཞི་རྟེན་6ཡག་པོ་སྤྱོད་པ་དང་གནད་ལ་འཁེལ་པོས་སྤྱོད་པའི་རྨང་གཞིའི་ཐོག་ས་གནས་དེ་ག་དང་། སྡེ་ཚན་དེ་ག ཚན་པ་དེ་ག་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས“རང་འདེམས་བྱ་སྤྱོད”གསར་གཏོད་བྱས་པ་དང་། སློབ་སྦྱོང་སློབ་གསོའི་ནང་དོན་དང་། གཞི་རྟེན། རྣམ་པ་སོགས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་རྒྱ་སྟོབས་ཆེ་རུ་བཏང་བ། སློབ་སྦྱོང་སློབ་གསོའི་དམིགས་སའི་རང་བཞིན་དང་ཕན་འབྲས་དངོས་ཀྱི་རང་བཞིན་ཆེ་རུ་བཏང་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་བོད་ཀྱི་ཁྱད་ཆོས་མངོན་པར་བྱས་ཡོད།
དེ་དང་ཆབས་ཅིག་རིམ་ཁག་ཏང་ཨུད་དང་རྩ་འཛུགས་སྡེ་ཚན་གྱིས་རང་འགུལ་ངང་རིམ་པ་འོག་མའི་ཏང་རྩ་འཛུགས་དང་ལྷག་དོན་དུ་ཏང་ཀྲི་པུའི་སློབ་སྦྱོང་སློབ་གསོའི་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ་དང་། སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲི་དོན་འཁྱོལ་བྱེད་པའི་ནང་དོན་གལ་ཆེན་ལ་བརྩིས་པ་དང་། ཏང་འཛུགས་སྐྱོང་གི་ལས་འགན་སྒྲུབ་ཚུལ་གསལ་ཞུའི་དཔྱད་གླེང་ཞིབ་དཔྱད་ནང་བཅུག་པ། སྔོན་ཐོན་དང་ཕུལ་བྱུང་དཔྱད་འདེམས་དང་ལས་བྱེད་པ་བཀོལ་སྤྱོད་དང་རིམ་སྤོར་གྱི་གཞི་འཛིན་ས་གལ་ཆེན་ལ་བརྩིས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལས་ཁུངས་དང་། ལས་རིགས་ཁག་གི་ཁོངས་གཏོགས་ཀྱི་ཏང་གི་ལས་དོན་ཨུ་ལྷན། རྨང་གཞི་བརྟན་གཏོང་གཞུང་ལས་ཁང་། སྐོར་གཡེང་ཞིབ་བཤེར་ཚོགས་ཆུང་བཅས་ཀྱིས་མངོན་ཞིབ་ལྐོག་འདྲི་དང་། གཙོ་གནད་ཞིབ་བཤེར། སྐབས་བསྟུན་འཐེན་བཤེར་སོགས་ཀྱི་བྱ་ཐབས་སྤྱད་དེ་དོན་ཐོག་ཏུ་མ་འཁྱོལ་བའི་རིགས་འགན་འཁྲི་བདའ་འདེད་དང་སྐོང་འདྲི་བྱས་ཡོད།
“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོར་སྐུལ་འདེད་ཏན་ཏིག་གཏོང་བའི་གླེང་ཕྱོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་བཏོད་ནས་གླེང་ཕྱོགས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་ཆེད། ལྗོངས་ཡོངས་ཀྱི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་མཐུན་སྦྱོར་ཚོགས་ཆུང་གིས《ལྗོངས་ཡོངས་ཀྱི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་སྐོར་གྱི་དྲིལ་བསྒྲགས་འཕྲིན་སྤེལ་ཇུས་གཞི》བཀོད་ཡོད། གསར་འགྱུར་སྨྱན་སྦྱོར་ཁག་གིས་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་མཉམ་འཛིན་སྤྱི་སྒྲུབ་བྱས་ཤིང་། དུས་མཚམས་གལ་ཆེན་དང་པར་ངོས་གལ་ཆེན་ཐོག་ཆེད་དོན་བརྗོད་གཞི་དང་། ཆེད་སྒྲིག་ལེ་ཚན། ཆེད་དམིགས་དྲ་བ་བཅས་བཟོས་ཏེ་གསར་འགྱུར་འཕྲིན་སྤེལ་དག་མང་ཚོགས་དང་འབྲེལ་བ་དམ་ཟབ་ཐུབ་པ་དང་། ཁྲིད་སྟོན་ནུས་པ་ཆེ་བ། ནང་དོན་ཟབ་པ་བཅས་ཡོང་བར་བྱས་ཡོད། མིག་སྔའི་བར་ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་དང་། བོད་ལྗོངས་བརྙན་འཕྲིན་ལས་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་སོགས་སྨྱན་སྦྱོར་གྱིས་སོ་སོར་དུས་མཚམས་གལ་ཆེན་དང་པར་ངོས་གལ་ཆེན་ཐོག“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་ཆེད་སྒྲིག་ལེ་ཚན་དང་ཆེད་སྒྲིག་པར་ངོས་བཀོད་པ་དང་རིམ་རྩིས་བྱས་ན“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་སྐོར་གྱི་གནས་འཕྲིན་1041སྤེལ་ཡོད།
འགན་འཁུར་རྩོམ་སྒྲིག་པ། 索朗多拉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣