དབུ་ཤོག>གསར་འགྱུར།
  • མཐུན་སྒྲིལ་མེ་ཏོག་སྔར་བས་བཀྲག་མདངས་རྒྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-10-26

    སྨར་ཁམས་རྫོང་གིས་ཐོག་མཐའ་བར་གསུམ་དུ“ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་བྱེད་པའི”མི་རིགས་ལས་དོན་གྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། བརྟན་ལྷིང་སྲུང་སྐྱོང་དང་། འཕེལ་རྒྱས་མགྱོགས་པོ། དམངས་འཚོ་ལེགས་གཏོང་། མཐུན་སྒྲིལ་ལ་སྐུལ་འདེད་བཅས་ལས་འགན་གཙོ་བོར་བརྩིས་ནས་སྨར་ཁམས་ཀྱི་མི་རིགས་མཐུན་སྒྲིལ་གྱི་ཡར་ཐོན་བྱ་གཞག་ལ་གྲུབ་འབྲས་གསར་པ་རྒྱུན་མི་ཆད་པར་བཏོད་ཡོད།

    མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོ་དམ་འཛིན་བྱེད་སར་རྩི་བ།

    2016ལོའི་ཟླ་9ཚེས་20ཉིན་སྨར་ཁམས་རྫོང་ཨུད་དྲིལ་བསྒྲགས་པུའུ་དང་མི་རིགས་ཆོས་ལུགས་ལས་དོན་ཅུས་ཀྱིས་འོད་ཟེར་དགོན་གྱི་ཐང་ཆེན་དུ་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་ཀྱི་བློ་འདྲིའི་ས་ཚིགས་བཙུགས་ནས་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོའི་ནང་། ལས་དོན་པས《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》དང་། 《〈མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས〉ཀྱི་གཏན་འབེབས་འགའ་ཞིག》 《མི་རིགས་ཤང་གི་ལས་ཀའི་སྲོལ་ཡིག》《ཏང་དང་རྒྱལ་ཁབ་ཀྱི་མི་རིཌ་སྲིད་ཇུས་དྲིལ་བསྒྲཌ་སློབ་གསོའི་གནད་བསྡུས》སོགས་དྲིལ་བསྒྲགས་བྱས་པ་ཕུད། ད་དུང་ཚལ་ཁྲོམ་དང་། རྫོང་མཁར་གྱི་ལམ་མདོ། རྫོང་སྲིད་གཞུང་གི་ཐང་ཆེན། འོད་ཟེར་དགོན་པའི་ཐང་ཆེན་སོགས་མི་ཚོགས་མཐུག་སར་དྲིལ་བསྒྲགས་ཤོག་ལྷེ་200ལྷག་ཙམ་བཀྲམ་པ་རེད།

    དུས་ཡུན་རིང་པོའི་ནང་། སྨར་ཁམས་རྫོང་གིས་དྲིལ་བསྒྲགས་སློབ་གསོའི་དུས་མཚམས་ལེགས་པར་སྤྱད་པ་དང་ཐབས་ལམ་སྣ་ཚོགས་ཐོག་ནས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་སྤེལ་ནས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་ཁྱིམ་ཚང་ཀུན་དང་། མི་ཚང་མའི་སེམས་ལ་ཟུག་པར་བྱས་ཡོད།

    ལོ་ལྟར་རྫོང་ནོར་སྲིད་ནས་འགྲོ་གྲོན་སྒོར་ཁྲི་11བཏང་ནས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་མཉམ་སྡེབ་དང་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་བཟང་བར་གཟེངས་བསྟོད་བྱས་ནས་མི་ཚང་མས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བ་བྱེད་པ་དང་མི་རིགས་མཐུན་སྒྲིལ་ལ་ལེགས་སྐྱེས་འབུལ་བའི་རྣམ་པ་ཟབ་མོ་ཞིག་ཆགས་པ་བྱས་ཡོད།

    ཕུལ་བྱུང་གི་མི་རིགས་རིག་གནས་ལྟེ་བར་བྱེད་པ།

    སྨར་ཁམས་རྫོང་གིས་སྨར་ཁམས་ཀྱི་ཕུལ་བྱུང་མི་རིགས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་མཐོང་ཆེན་པོ་བྱས་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ་དེ་མི་རིགས་མཐུན་སྒྲིལ་བྱེད་པའི་ལྟེ་བར་བརྩིས་ཡོད།

    བོད་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོང་དང་འཕེལ་རྒྱས་བཏང་བ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བཟོའི་ཁྲོད་བོད་ཡིག་སློབ་ཚན་གྱིས་གཙོ་བོ་བྱས་པའི“སྐད་གཉིས”སློབ་གསོ་རྒྱ་ཁྱབ་སྤེལ་ཞིང་། 《བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་གི་ལས་དོན་སྲོལ་ཡིག》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་བོད་རྒྱ“སྐད་གཉིས”ཀྱི་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཡིག་ཆ་གལ་ཆེན་བཀྲམས་པ་དང་། རྫོང་དེ་ཡོངས་སུ་བརྡ་ཆ་དང་སྒོ་བྱང་སོགས་ཀྱི་བོད་ཡིག་སྤྱོད་ཚུལ་ལ་ཞིབ་བཤེར་ཆེན་པོ་བྱས་ནས་ཚད་དང་མི་ལྡན་པའི་གནས་ཚུལ་ལ་དུས་ཐོག་ཏུ་ནོར་བཅོས་དང་ཐག་གཅོད་བྱས་པས། བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ལ་ཁྲིམས་ལུགས་ཀྱི་སྲུང་སྐྱོང་ཐུབ་སྟེ་རྒྱུན་གཏན་འཚོ་བའི་ནང་བོད་ཡིག་རྒྱ་ཁྱབ་ཏུ་སྤྱོད་ཐུབ་པ་བྱུང་ཡོད།

    མི་རིགས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱས་པ། རིག་དངོས་ཉམས་བཟོའི་རྣམ་གྲངས་དང་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་ཐེབས་རྩའི་རྣམ་གྲངས་བརྩོན་ལེན་ཧུར་ཐག་བྱས་ཏེ་2016ལོར་སྒོར་ཁྲི་430ཟིན་པའི་ལྷུན་གྲུབ་དགོན་སོགས་དགོན་སྡེ་ལྔའི་འདུ་ཁང་དང་རྨང་གཞིའི་སྒྲིག་བཀོད་ཉམས་བཟོའི་ལས་གྲྭ་འདུན་ཞུ་བྱས་པ་དང་། སྒོར་ཁྲི་300བཏང་བའི་ཀ་མདའ་དགོན་དང་བྲག་གུ་ཤོད་ཀྱི་རིག་དངོས་སྲུང་སྐྱོང་ཉམས་བཟོའི་ལས་གྲྭ་ཁྱོན་ཡོངས་ནས་འགོ་བརྩམས་པ། རྫོང་དེ་ཡོངས་ཀྱི་རིག་གནས་ཤུལ་བཞག་སྣ་ཚོགས་དུས་ཐོག་ཏུ་མྱུར་སྐྱོབ་དང་སྲུང་སྐྱོང་བྱས་པ་བཅས་རེད།

    མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས་རྩ་བར་འཛིན་པ། 

    སྨར་ཁམས་རྫོང་གིས་ཏང་གི་མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་རྩ་བར་བཟུང་ནས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཆོས་ལུགས་ཀྱི་ལས་དོན་དང་། དགོན་སྡེའི་ལས་དོན། གྲྭ་བཙུན་གྱི་ལས་དོན་དག་མི་རིགས་ལས་དོན་གྱི་ནང་དོན་གཙོ་བོར་བརྩིས་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་ཡོང་བར་སྐུལ་མ་བཏང་ཡོད། ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཆོས་དད་རང་མོས་ཀྱི་རྣམ་པ་བཟང་པོ་བཏོད་པ་དང་ལྷག་དོན་དུ་འཇང་མི་རིགས་ཤང་གི་བོད་བརྒྱུད་ནང་བསྟན་དང་གནམ་བདག་ཆོས་ལུགས་སོགས་ཆོས་ལུགས་མི་འདྲ་བ་ཞི་མཐུན་མཉམ་གནས་ཐུབ་ཅིང་། བོད་རིགས་ལ་ལས་གནམ་བདག་ཆོས་ལ་དད་པ་བྱེད་པ་དང་། འཇང་རིགས་ཀྱིས་བོད་བརྒྱུད་ནང་བསྟན་ལ་དད་པ་བྱས་ནས་མི་རིགས་ཁག་འཆམ་མཐུན་མཉམ་གནས་ཐུབ་པ་དང་ཡང་སྒོས་སུ་གཉེན་སྒྲིག་ཐད་ལུགས་སྲོལ་རྙིང་པ་ལས་བརྒལ་ནས་མི་རིགས་མི་འདྲ་བ་དང་ཆོས་དད་མི་གཅིག་པའི་མི་འཇིག་རྟེན་མཐུན་འཇུག་གི་ལམ་ལ་ཞུགས་པ་མ་ཟད། གཉེན་སྒྲིག་བྱས་རྗེས་ཀྱང་ཕན་ཚུན་གྱི་ཆོས་དད་ལ་བརྩི་འཇོག་བྱས་ནས་མི་རིགས་ཁག་ཕན་ཚུན་འགྲོ་འོང་སྤེལ་རེས་ཡག་པོ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།