དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་གྱི“སེམས་སྦྲེལ་ཟམ་པ”བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-10-13

    ལོ་མང་རིང་། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་འཐབ་ཕྱོགས་གཅིག་གྱུར་པུས་ཏང་གི་མི་རིགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང་སྲིད་ཇུས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། ཞི་མཐུན་འཛུགས་སྐྱོང་གཙོ་རྐང་དུ་བྱེད་པ་དང་། “ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི”མི་རིགས་ལས་དོན་གྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་འགན་འཁྲི་སྒྲུབ་པའི་འཇོན་ཐང་འདོན་སྤེལ་གང་ལེགས་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དང་མི་རིགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་གཏིང་ཟབ་བྱེད་པ། མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་པས། སྒེར་རྩེ་རྫོང་གི་མི་རིགས་བྱ་གཞག་ཡར་རྒྱས་དང་དར་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    སློབ་གསོར་ཤུགས་སྣོན་བརྒྱབ་ནས་མི་རིགས་མཐུན་སྒྲིལ་ཆེ་མོ་མི་སེམས་སུ་ཟུག་ཐུབ་པར་བྱས་པ། རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་མི་རིགས་སྲིད་ཇུས་དང་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱེད་པའི་བྱེད་སྒོ་སྤེལ་བ་དང་། དེའི་ནང་མི་རིགས་ཆོས་ལུགས་སྲིད་ཇུས་དང་། མི་རིགས་ས་ཁོངས་རང་སྐྱོང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་དམངས་ཕན་སྲིད་ཇུས་ཁྱབ་ཡོད་པ་རེད།

    དེ་དང་ཆབས་ཅིག གཟའ་འཁོར་རེའི་ཆབ་སྲིད་སློབ་སྦྱོང་སློབ་ཚན་སྤྱད་དེ་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དང་མི་རིགས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་སློབ་གསོའི་ལས་དོན་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་ལས་དོན་གཞན་དག་ལ་ཁྱབ་པར་བྱས་ཡོད།

    སྲིད་ཇུས་དོན་འཁྱོལ་བྱས་ནས་མི་རིཌ་ཁག་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་བ། ལས་དོན་སྤེལ་རིང་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་བློ་བརྟན་འགྱུར་མེད་ངང་ཏང་གི་གཞི་རྩའི་རྩ་དོན་བཞི་དང་ཆོས་དད་རང་མོས་ཀྱི་སྲིད་ཇུས་མཐའ་འཁྱོངས་བྱས་ནས། དགོན་སྡེའི་དོ་དམ་གསར་གཏོད་དང་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག “རྒྱལ་དར་གཅིག་སྒྲེང་བ་དང་། གླུ་གཞས་གསུམ་གཏོང་བ། སྐར་མ་60ཡི་སློབ་གསོ་མྱོང་བ། ངེས་པར་དུ་དོན་འཁྱོལ་བྱེད་པ”བཅས་ཀྱི་སློབ་སྦྱོང་བྱེད་སྒོ་སྤེལ་བ་དང་། དེ་བཞིན་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་དང་། རྒྱལ་གཅེས་ཁྲིམས་སྲུང་སློབ་གསོ་སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་བའི་འགན་ལེན་བྱུང་ཡོད་པ་རེད།

    བརྩེ་སེམས་དངོས་དང་བརྩེ་སེམས་ཟབ་མོར་བརྟེན་ནས་མང་ཚོགས་ལ་ཟོལ་མེད་རོགས་རམ་བྱས་པ།

    དུས་ཡུན་རིང་པོའི་ནང་སྒེར་རྩེ་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས“དབུལ་སྐྱོར་དངོས་དང་དབུལ་པོ་དངོས་ལ་རོགས་སྐྱོར་བྱེད་པའི”དམིགས་ཡུལ་མཐའ་འཁྱོངས་བྱས་ཏེ། དབུལ་སྐྱོར་དཀའ་རོགས་དང་དབུལ་སྒྲོལ་ཕྱུག་འགྱུར་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་པ་དང་། ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱིས་རོགས་སྐྱོར་ལས་དོན་ཏན་ཏིག་སྤེལ་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱེད་པ་དང་། མང་ཚོགས་ཀྱི་དཀའ་ངལ་སེལ་རོགས་བྱེད་པ། མང་ཚོགས་ཕྱུག་འགྱུར་ཡོང་རོགས་བྱེད་པ་བཅས་བྱེད་རིང་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པ་དང་མང་ཚོགས་ལ་ཕན་པ་ཐོབ་ཐབས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།