དབུ་ཤོག>གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-10-03

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ནང་སའི་དར་རྒྱས་ཆེ་བའི་ས་ཁུལ་གྱི་སློབ་གསོའི་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྔོན་ལ་སྤེལ་རྒྱུའི་ཚོད་ལྟ་བྱས་པ་རེད།

    ལོ་ཤས་རིང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་དགེ་རྒན་195དང་དོ་དམ་ལས་བྱེད་པ་21མངགས་པ་དང་། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་14.48བཏང་བ། རོགས་སྐྱོར་བྱ་ཡུལ་སྔོན་མའི་སློབ་གྲྭ་3ནས་9བར་མང་དུ་བཏང་བ། ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཤེས་ལྡན་པ་28གསར་དུ་བསྣན་པ་བཅས་བྱས་པས་ལྗོངས་ནང་ཁུལ་གྱི་སློབ་མ་སྔར་ལས་མང་བས་ལྷ་ས་ནས་བྲལ་མི་དགོས་པར་ནང་སའི་ཕུལ་བྱུང་སློབ་གསོ་ཉམས་ལེན་བྱེད་པའི་འདུན་པ་གྲུབ་ཡོད།

    གཅིག་གྱུར་འཆར་འགོད་དང་ཐབས་མང་མཉམ་སྤྱོད་བྱས།

    སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་བདེ་བླག་ངང་སྐུལ་འདེད་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་པའི་སྨན་བཅོས་དང་སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་འགོ་ཁྲིད་ཚོགས་ཆུང་དང་གཞུང་ལས་ཁང་འཕྲལ་མར་བཙུགས་ནས་ལས་དོན་གྱི་ཆེད་དམིགས་ཚན་པ་ཆགས་པར་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྐུལ་མ་བཏང་བས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པ་བྱུང་ཡོད།

    མཐོང་ཆེན་པོ་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཤིང་། 《རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་སྐབས་གཉིས་ཀྱི་ཚོགས་སྒྲིག་རྣམ་པའི་སློབ་གསོའི་ཤེས་ལྡན་པའི་བོད་སྐྱོར་ལས་དོན་རྒྱ་ཆེར་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》དང་། 《སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》སོགས་འབྲེལ་ཡོད་ཀྱི་ལག་བསྟར་ཇུས་གཞི་དང་བསམ་འཆར་བཟོས་ནས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་བསྒྲུབ་པར་ཁ་ཕྱོགས་དང་འགན་འཁྲི་ཁ་གསལ་བཏོན་ཡོད།

    ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྐུལ་མ་ནུས་ལྡན་བཏང་ཞིང་། མཐུན་སྦྱོར་སྐུལ་འདེད་ལམ་སྲོལ་འཐུས་ཚང་ཡོང་བ་བྱས་ནས་རོགས་སྐྱོར་བྱ་ཡུལ་སློབ་གྲྭ་དང་མཐུན་སྦྱོར་སྤེལ་རེས་ཧུར་ཐག་བྱས་ཏེ་དུས་ཐོག་ཏུ་སྲིད་ཇུས་ལ་ཞིབ་འཇུག་གིས་དོན་དངོས་གནད་དོན་ཐག་གཅོད་བྱས་པ་དང་། ལྟ་སྐུལ་བརྡ་གཏོང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ལས་དོན་གཙང་བཤེར་དང་གནད་དོན་གལ་ཆེར་ཞིབ་འཇུག་སྒོས་ཐག་གཅོད་བྱས་ཏེ་ལས་ཕྱོད་མཐོ་རུ་དང་གོ་རིམ་ལྡན་པའི་ངང་སྐུལ་མ་གཏོང་བར་འགན་ལེན་བྱས་པ་རེད།

    སྲིད་ཇུས་དོན་འཁྱོལ་དང་ཞབས་ཞུ་གནད་འཁེལ་བྱས་ཤིང་། བོད་སྐྱོར་དགེ་རྒན་གྱི་གཟིགས་སྐྱོང་ཐོབ་ཆའི་ལག་བསྟར་བྱེད་ཐབས་བཟོས་པ་དང་། བོད་སྐྱོར་དགེ་རྒན་གྱི་གོ་གནས(ཆེད་ལས་གོ་མིང)འཕར་བ་དང་། གླ་ཕོགས་ཀྱི་ཐོབ་ཆ། གཟེངས་བསྟོད་བྱ་དགའ་སོགས་གཟིགས་སྐྱོང་སྲིད་ཇུས་ཁ་གསལ་བཟོས་ནས་ལག་བསྟར་དོན་འཁྱོལ་ནན་པོ་བྱས་པ་དང་། ཁག་དང་པོའི་བོད་སྐྱོར་དགེ་རྒན་107ལ་གྲོང་ཁྱེར་རིམ་པའི་གཟེངས་བསྟོད་བྱ་དགའ་ཐོབ་པ་རེད།

    བརྟག་ཞིབ་གང་ལེགས་དང“རྩིས་སྤྲོད་ནུས་ལྡན”བྱས་ཤིང་། “ཚོགས་སྒྲིག”དང“གནད་སྨིན”གཞི་རྩ་གཉིས་ལ་དམ་པོར་དམིགས་ནས་བརྟག་ཞིབ་ནན་ཏན་བྱས་པ་དང་། འབྲེལ་ཡོད་ཀྱི་ལེ་ལག་ཚང་བའི་སྲིད་ཇུས་གསེད་བཀྲོལ་དང་འཐུས་ཚང་དུ་བཏང་ནས་དབང་ཆ་དང་འགན་འཁྲིའི་འབྲེལ་བ་ཁ་གསལ་བཟོས་ཏེ་སྲིད་ཇུས་གནད་སར་དོན་འཁྱོལ་ཡོང་བ་བྱས་པ་རེད།

    གཅིག་གོ་མང་ཆོད་དང་ཕྱོགས་མང་པོར་ཕན་པ་ཐོབ་པ།

    སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་བ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་ཁྱབ་པའི་དམངས་སེམས་ཀྱི་འདུ་འགོད་ཅིག་ཡིན་ལ། དམངས་འཚོ་ལེགས་གཏོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་མ་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན།

    ལོ་གསུམ་གྱི་གྲུབ་འབྲས་ཐོར་བུ་ལས་ར་སྤྲོད་བྱུང་བ་སྟེ།

    ཐོན་ཁུངས་མཉམ་སྤྱོད་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་མངོན་གསལ་ཐོན་ཅིང་། ཝུའེ་ཞའོ་ཏུང་དང་། ཀྲང་ཏ་ལི། ཞུས་ཤིས་ཧྥེང་སོགས་ཕུལ་བྱུང་གི་བོད་སྐྱོར་དགེ་རྒན་ལྷ་ས་གྲོང་ཁྱེར་གྱི“དགེ་རྒན་རེར་སློབ་ཚན་ཡག་པོ་རེ་དང་། སློབ་ཚན་རེར་དགེ་རྒན་གྲགས་ཅན་རེ” “རིགས་གཅིག་མཁས་ཅན་བརྒྱ་གཞི་རིམ་དུ་སྐྱོད་པའི་ཞབས་ཞུའི་བྱེད་སྒོ”བོད་ལྗོངས་ཀྱི“རྒྱལ་ཁབ་རིམ་པའི་གསོ་སྦྱོང་འཆར་གཞི་དང་སློབ་གསོ་གཞི་རིམ་དུ་སྤེལ་བ”སོགས་ཀྱི་བྱེད་སྒོར་ཧུར་ཐག་ཞུགས་པ་དང་། ས་གནས་དེའི་དགེ་རྒན་200ལྷག་ལ་རོགས་ཁྲིད་བྱས་ནས་དཔེ་སྟོན་སློབ་ཚན་100ལྷག་ཁྲིད་པ། ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་དང་ནག་ཆུ་ས་ཁུལ་གྱི་མཚོ་གཉིས་རྫོང་གིས་མཉམ་ལས་བྱས་ཏེ་བོད་སྐྱོར་དགེ་རྒན་གྱིས་མཚོ་གཉིས་རྫོང་ལ་དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་གི་དགེ་རྒན་གསོ་སྦྱོང་བྱས་པ་རེད།

    སློབ་གཉེར་གྱི་སྤུས་ཚད་མཐོ་རུ་བཏང་ནས་སློབ་ཁྲིད་ཞིབ་འཇུག་བྱེད་སྟངས་གསར་གཏོད་བྱས་ཤིང་། སློབ་ཚན་ཁྲིད་རོགས་ཐད་ཡོངས་བསྒྲགས་སློབ་ཚན་དང་། སློབ་ཁྲིད་ཚན་ཞིབ། སྙན་ཞུའི་ཚོགས་འདུ་སོགས་ལ་བརྟེན་ནས་བོད་སྐྱོར་དགེ་རྒན་དང་ཡུལ་དེ་གའི་དགེ་རྒན་དབར་སྤེལ་རེས་མཉམ་འགུལ་བྱེད་མགྱོགས་སུ་བཏང་བ་དང་། དཔུང་ཁག་ཁྲིད་རོགས་བྱེད་པའི་ཐད་བོད་སྐྱོར་དགེ་རྒན་དང་ཡུལ་དེ་གའི་དགེ་རྒན་གྱི་ཐོན་ཁུངས་གཉིས་ལ་གང་ལེགས་བརྟེན་ཏེ“གཞན་བརྟེན”དང“རང་བརྟེན”ཟུང་འབྲེལ་གྱིས་ས་གནས་དེའི་དགེ་རྒན་གྱི་རང་ངོས་འཕེལ་རྒྱས་ནུས་པ་ཆེ་རུ་བཏང་བ། སློབ་ཚན་ཁྲིད་རོགས་ཐད་པེ་ཅིང་དང་ཅང་སུའི་སློབ་གསོ་རིག་པའི་རིགས་གཅིག་མཁས་ཅན་གྱིས་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་ཁྲིད་དགེ་རྒན་གསོ་སྦྱོང་ཡང་བྱས་པ་རེད།

    སློབ་གཉེར་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་ནང་ཁུལ་སྐུལ་སྤེལ་རྣམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་ཅིང་། ལྷ་སའི་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གིས་འཛིན་གྲྭའི་ཀྲུའུ་རེན་གྱི་འཆར་ཅན་ཚོགས་འདུའི་ལམ་ལུགས་ལག་ལེན་བསྟར་ནས་ཁྱད་ཆོས་ལྡན་པའི་འཛིན་གྲྭ་བཙུགས་ཏེ་སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་གཞི་གཅིག་ཏུ་འདྲེས་པའི་ཀུན་སྤྱོད་སློབ་གསོའི་རྣམ་པ་ཞིག་ཧུར་ཐག་བཏོད་པ་དང་། སློབ་གསོའི་ཤེས་ལྡན་པའི་བོད་སྐྱོར་ཚོགས་པས་ཟམ་མི་ཆད་པར་འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད“སློབ་ཁྲིད་ཇུས་གཞི་བཞིན་སློབ་སྦྱོང་ལ་ཁྲིད་སྟོན་བྱེད་པའི”རྣམ་པ་ཞིག་བཙལ་ཏེ་ཕན་འབྲས་དངོས་ཐོན་པའི་སློབ་ཚན་ཞིག་འཚོགས་ཐུབ་པ་བྱས་ནས་རྒྱ་ཆེའི་སློབ་མ་ཚོའི་རང་སྟོབས་ཀྱི་ནུས་པ་དང་ཧུར་སེམས་ཆེས་ཆེར་འཕེལ་བ་མ་ཟད། “མཉམ་འདྲེས་གཉིས”ལ་སྐུལ་མ་དང་། “ནུས་པ་གསུམ”འདོན་པ། “བརྒྱ་ཆ་བརྒྱ་ལྔ”མངོན་འགྱུར། “མངོན་གསལ་མཐོར་གཏོང་དྲུག”ལ་སྐུལ་མ་གཏོང་བ་བཅས་ཀྱི་ཕན་འབྲས་མངོན་གསལ་ཐོན་ཡོད།

    རྒྱ་བསྐྱེད་གཏིང་ཟབ་དང་གྲུབ་འབྲས་བརྟན་དུ་བཏང་བ།

    “གོམ་སྟབས་རྗེས་མར་ང་ཚོས་རྒྱལ་སའི་སློབ་གསོའི་ཐོན་ཁུངས་སྟོབས་ཆེན་ལ་བརྟེན་ནས་སློབ་གསོ་ཚན་ཞིབ་དང་སློབ་ཁྲིད་ལྟ་སྐུལ་ཚོད་འཛིན་སོགས་ཀྱི་ཐད་ནས་ས་གནས་དེ་གའི་དགེ་རྒན་ཚོའི་ཆེད་ལས་བྱང་ཚད་མུ་མཐུད་མཐོ་རུ་བཏང་སྟེ་སློབ་གསོའི་ཤེས་ལྡན་མི་སྣ་འཕེལ་རྒྱས་དེ་གྲངས་འབོར་ལེགས་ཆ་ནས་སྤུས་ཚད་ལེགས་ཆའི་བར་འགྱུར་བར་བྱ་རྒྱུ་ཡིན”ཞེས་ལྷ་ས་གྲོང་ཁྱེར་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་འབྲེལ་ཡོད་འགན་འཁུར་བས་བརྗོད་པ་རེད།

    སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་གྲུབ་འབྲས་བརྟན་དུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་སྔ་འཛིན་ཕྱི་གཏོད་བྱས་ཏེ་ཕྱོགས་མང་པོའི་ཐད་ནས་ཤུགས་སྣོན་བརྒྱབ་སྟེ་བོད་སྐྱོར་དགེ་རྒན་གནས་ཐུབ་པ་དང་། འདྲེས་ཐུབ་པ། ལས་དོན་ཡག་པོ་སྒྲུབ་ཐུབ་པ་བཅས་ཡོང་བའི་འགན་ལེན་བྱས་ནས། རྨང་འདིང་ཕུགས་ཕན་དང་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ལས་དོན་གལ་ཆེན་མཐའ་གཅིག་ཏུ་ཡག་པོ་བསྒྲུབས་ནས་ཕན་འབྲས་སྔར་བས་མངོན་གསལ་དོད་པོ་ཡོང་བར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།