དབུ་ཤོག
  • ཀྲུང་གོའི་སྤྱི་དམངས་ཀྱིས་ཕྱི་རྒྱལ་དུ་ཉེས་པ་བསཌ་ན་ཐག་ཇི་ལྟར་གཅོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-09-29

    ཀྲུང་གོའི་སྤྱི་དམངས་ཤིག་ཡིན་ཕྱིན་རང་གི་རྒྱལ་ཁབ་ནང་དུ་བཅའ་ཁྲིམས་བརྩི་སྲུང་ཞུ་དགོས་པ་མ་ཟད། ཕྱི་རྒྱལ་དུ་སླེབས་ནའང་རྒྱལ་ཁབ་དེའི་བཅའ་ཁྲིམས་ལ་བརྩི་སྲུང་ཡག་པོ་ཞུ་དགོས། རང་རྒྱལ་སྤྱི་དམངས་ཀྱིས་ཕྱི་རྒྱལ་དུ་རང་རྒྱལ་གྱི་བཅའ་ཁྲིམས་དང་འགལ་ན་རང་རྒྱལ་གྱི་ཁྲིམས་ཁང་གིས་ཕྱི་རྒྱལ་དུ་ཕྱིན་ནས་དེ་ལ་འདྲི་གཅོད་བྱེད་མི་ཐུབ་ནའང་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་དེ་རང་སར་མི་འཇོག་པར་ཉེས་ཆད་གཅོད་དགོས། གསལ་པོར་བཤད་ན། ཀྲུང་གོའི་སྤྱི་དམངས་ཀྱིས་ཕྱི་རྒྱལ་དུ་ཉེས་པ་བསགས་ཚེ་སྔར་བཞིན་རང་རྒྱལ་གྱི“ཉེས་ཁྲིམས”བཅད་ཆོག་ལ། གནས་ཚུལ་དེ་འདྲའི་འོག་འདེམ་སྒྲུག་དང་སྐབས་བསྟུན་གྱི་སྒོ་ནས་ཉེས་ཁྲིམས་གཅོད་དགོས། འདེམ་སྒྲུག་གི་སྒོ་ནས་ཉེས་ཁྲིམས་སྤྱོད་རྒྱུ་ཞེས་པ་དེ《ཉེས་ཁྲིམས》ཀྱི་དོན་ཚན་བཞི་པ་དང་ལྔ་པའི་ནང་གཏན་ལ་ཕབ་པའི་ཉེས་པར་སྤྱད་ཆོག་པ་ལས་ཉེས་པ་མཐའ་དག་ལ་སྤྱད་ཆོག་ཟེར་བ་མིན། ཉེས་པ་དེ་དག་ནི་གསར་བརྗེར་ངོ་རྒོལ་བྱེད་པའི་ཉེས་པ་དང་། རྒྱལ་ཁབ་ཀྱི་དངུལ་ལོར་རྫུན་བཟོ་བྱེད་པའི་ཉེས་པ། རིན་ལྡན་འཛིན་བྱང་རྫུས་མ་བཟོ་བའི་ཉེས་པ། རྒྱུ་ནོར་ལྐོག་ཟ་བྱེད་པའི་ཉེས་པ། ལྐོག་རྔན་ལེན་པའི་ཉེས་པ། རྒྱལ་ཁབ་ཀྱི་གསང་བ་ཕྱིར་སྒྲོག་པའི་ཉེས་པ། རྒྱལ་ཁབ་ཀྱི་ལས་བྱེད་མི་སྣར་བརྫུས་ནས་ཧམ་བཤད་མགོ་སྐོར་གཏོང་བའི་ཉེས་པ། གཞུང་ཡིག་དང་། ལག་ཁྱེར། ཐམ་ག་བཅས་རྫུན་བཟོ་བྱེད་པའི་ཉེས་པ་བཅས་དང་། དེ་མིན《ཉེས་ཁྲིམས》ཀྱི་ནང་དུ་གཏན་ལ་ཕབ་པའི་ཉེས་ཆད་ཡང་ཤོས་ལྟར་ན། ལོ་གསུམ་ཡན་གྱི་དུས་བཀག་བཙོན་འཇུག་བྱེད་དགོས་པའི་ཉེས་པ་གཞན་དག་བཅས་རེད། འོན་ཀྱང་ཉེས་པ་བསགས་ས་ད་གའི་ཁྲིམས་ལྟར་ཆད་པ་གཅོད་མི་དགོས་པའི་རིགས་འདིར་གཏོགས་མེད། ཉེས་ཁྲིམས་སྐབས་བསྟུན་གྱི་སྒོ་ནས་སྤྱོད་རྒྱུ་ཞེས་པ་ནི་གནས་ཚུལ་དེ་འདྲའི་འོག་བསགས་པའི་ཉེས་པའི་ནང་ཕྱི་རྒྱལ་དུ་འདྲི་གཅོད་བྱས་ཚར་ནའང་སྔར་བཞིན་རང་རྒྱལ་གྱི་《ཉེས་ཁྲིམས》ལྟར་ཐག་གཅོད་བྱེད་དགོས། ཕྱི་རྒྱལ་དུ་ཉེས་ཆད་བཅད་ཟིན་པ་རྣམས་ཉེས་ཆད་མི་གཅོད་པའམ་ཡང་ན་ཉེས་ཆད་ཡང་བ་བཅད་ཆོག

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།