དབུ་ཤོག>གསར་འགྱུར།
  • ​ སློབ་གསོའི་ཁ་གཏད་བོད་སྐྱོར་དང“ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-09-20

    ཚེས་18ཉིན་གྱི་སྔ་དྲོ་སློབ་གསོའི་ཁ་གཏད་བོད་སྐྱོར་དང“ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ཉམས་མྱོང་ཕྱོགས་སྡོམ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཤིས་ཚིག་གསུངས་པ་དང་། སློབ་གསོ་པུའི་པུའུ་ཀྲང་གཞོན་པ་སུན་ཡའོ་ཡིས་གསུང་བཤད་གནང་བ་རེད།

    སུན་ཡའོ་ཡིས་རྒྱལ་ཡོངས་སློབ་གསོའི་ཁོངས་གཏོགས་ཀྱིས་ངེས་པར་དུ་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་བཏང་ནས་སློབ་གསོའི་བོད་སྐྱོར་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་ཟབ་མོ་གཏོང་དགོས། “མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི”བརྗོད་དོན་གཙོ་བོར་དམིགས་ནས་སློབ་མའི“མོས་སེམས་ལྔ”དང“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་སྐྱེད་སྲིང་ཧུར་ཐག་བྱས་ཏེ་ནང་ས་དང་བོད་ཀྱི་དགེ་སློབ་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། བྱེད་པོའི་འགན་འཁྲི་གསལ་པོ་བཟོ་བ་དང་། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”སློབ་གསོའི་བོད་སྐྱོར་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། བོད་སྐྱོར་ལས་བྱེད་པའི་དགེ་རྒན་ཡག་པོ་འདེམས་པ་དང་བཀོད་སྒྲིག་བྱེད་རྒྱུ་མུ་མཐུད་མཐའ་འཁྱོངས་བྱས་ནས་རོགས་སྐྱོར་ཚོགས་པ་སྒྲིག་འཛུགས་དང་བཀོད་སྒྲིག་ཡག་པོ་བྱས་ཏེ་རྩིས་རིག་དང་། དངོས་ཁམས། རྫས་འགྱུར་བཅས་ཀྱིས་རིག་ཚན་གཙོ་བོར་བྱས་པའི་ནང་སའི་དགེ་རྒན་བོད་དུ་ཡོང་ནས་སློབ་སྐྱོར་བྱེད་པར་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་ནས“ཚོགས་སྒྲིག་རྣམ་པའི”ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་ཡག་པོ་སྤེལ་དགོས་ཞེས་ནན་བཤད་གནང་བ་རེད།

    ཁོང་གིས་ད་དུང་རྒྱ་ཆེའི་བོད་སྐྱོར་ལས་བྱེད་དགེ་རྒན་གྱིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་བཏང་ནས་སློབ་གསོའི“ཉམས་མྱོང་བརྒྱུད་སྤྲོད་མཁན”དང“ཉམས་མྱོང་ལེན་མཁན”ཡག་པོ་བྱས་ནས་ས་ཆ་དེ་གའི་སློབ་གསོའི་ལས་དོན་པ་དང་མཉམ་དུ་ས་མཐོའི་སློབ་གསོའི་བྱ་གཞག་གི་ལེའུ་གསར་པ་རྩོམ་དགོས་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་བཅས་ཀྱི་ཚབ་ཞུས་ནས་སློབ་གསོ་པུའུ་སོགས་ཀྲུང་དབྱང་གི་པུའུ་ཨུད་དང་རྒྱལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ད་དུང་སློབ་གསོ་པུའུ་དང་རྒྱལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་མུ་མཐུད་རྒྱབ་སྐྱོར་བྱས་ཏེ“ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས“ཉེ་འགྲམ་གྱི་བོད་ལྗོངས་འཛིན་གྲྭ”མཉམ་དུ་གཉེར་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་སློབ་གསོའི་ཐོབ་ཚོར་ཆེ་རུ་ཏན་ཏིག་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སློབ་གསོས་ཞབས་འདེགས་ཞུ་བའི་ནུས་པ་སྔར་བས་ཆེ་རུ་གཏོང་དགོས་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།