དབུ་ཤོག>གསར་འགྱུར།
  • ཁོར་ཡུག་གཙང་སྦྲའི་བཟོ་པ་པ་སངས་ལྷ་མོས་ལོ་ལྔ་དེའི་ནང་ལས་དོན་ཚང་མ་ལམ་ལྷོངས་བྱུང་སོང་ཞེས་བརྗོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-09-19

    ངའི་མིང་ལ་པ་སངས་ལྷ་མོ་ཟེར་བ་དང་ད་ལོ་ལོ་42ཡིན། མངའ་རིས་ཀྱི་ཁོར་ཡུག་གཙང་སྦྲའི་བཟོ་པ་ཞིག་ཡིན། 2005ལོ་ནས་ད་བར་ངས་མངའ་རིས་ས་ཁུལ་སྒར་རྫོང་ཁོར་ཡུག་གཙང་སྦྲ་ཀུང་སིར་ལས་ཀ་བྱས་ནས་ལོ་12ཕྱིན་སོང་། ལོ་བཅུ་གྲངས་ཁ་ཤས་རིང་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཁོར་ཡུག་གཙང་སྦྲའི་བཟོ་པའི་ལས་གནས་ཐོག་ངས་མངའ་རིས་འཕེལ་རྒྱས་མགྱོགས་མྱུར་འགྲོ་ལུགས་མཐོང་བྱུང་ལ་ཁོར་ཡུག་གཙང་སྦྲའི་བཟོ་པའི་ལས་ཀའི་ཁོར་ཡུག་ལེགས་སུ་ཕྱིན་པའང་རང་ངོ་མས་མྱོང་ཚོར་ཐུབ་བྱུང་།

    2013ལོ་གོང་དུ་ཁོར་ཡུག་གཙང་སྦྲའི་བཟོ་པའི་གླ་ཕོགས་ཅུང་དམའ་པོ་ཡོད་ལ་ལས་གོས་ཀྱང་ལྡོག་འོད་ཁན་སྦྱར་རེད། 2013ལོ་ནས་བཟུང་སྒར་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཁོར་ཡུག་གཙང་སྦྲའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ང་ཚོ་ཁོར་ཡུག་གཙང་སྦྲའི་བཟོ་པ་ཚང་མར་ཟླ་རེར་སྒོར་800ཡི་ལས་གནས་ཕོགས་སྣོན་མང་དུ་བཏང་བྱུང་། དེ་ལྟར་ལོ་གཅིག་ལ་སྒོར་ཁྲི་གཅིག་ཙམ་གྱི་ཡོང་འབབ་འདུག ང་ཚོའི་ལས་རོགས་མང་པོ་ཞིག་གི་ཁྱིམ་ཚང་དབུལ་པོ་ཡོད་ལ་རྒན་རྒོན་དང་ཕྲུ་གུ་ཡོད་པས་འཚོ་བའི་ཁུར་པོ་ལྕི་པོ་ཡོད། དེ་མ་ཐག་གླ་ཕོགས་མང་དུ་དེ་འདྲ་ཕྱིན་པས་ང་ཚོ་ཚང་མ་དགའ་ཚོར་ཆེན་པོ་སྐྱེས་བྱུང་། 2013ལོ་ནས་བཟུང་ད་དུང་ཀུང་སིས་ང་ཚོར་ལས་གོས་ཆ་ཚང་གཉིས་སྤྲད་བྱུང་།ཆ་ཚང་གཅིག་དབྱར་ཆས་ཡིན་པ་དང་། ཆ་ཚང་གཅིག་དགུན་ཆས་རེད། མངའ་རིས་ས་ཁུལ་དུ་དགུན་དུས་གནམ་གཤིས་གྲང་ངར་ཆེ་བས་དགུན་ཆས་གྱོན་སྐབས་ལུས་སེམས་གཉིས་ཀར་དྲོ་སྐྱིད་ཚོར་གྱི་འདུག

    འདི་ལོ་སྲིད་གཞུང་གིས་སླར་ཡང་ང་ཚོའི་ཀུང་སིར་གློག་སྒུལ་འཁོར་གསུམ་གཙང་སྦྲའི་རླངས་འཁོར་དང་། གད་ཕྱིས་རླངས་འཁོར། ཆུ་གཏོར་རླངས་འཁོར་བཅས་ཉོས་བྱུང་། སྒྲིག་ཆས་ཡག་པོ་དེ་འདྲ་ཡོད་པས་ཚང་མའི་ལས་ཀའི་ཧུར་སེམས་སྔར་བས་ཆེ་རུ་ཕྱིན་སོང་།

    ལས་དོན་ཕུད། ད་དུང་སྲིད་གཞུང་གིས་ང་ཚོའི་འཚོ་བའི་ཐད་ལའང་ཐུགས་ཁུར་གཟབ་བཞེས་གནང་བྱུང་། 2013ལོར་ང་ཚོའི་ལས་རོགས་མང་པོ་ཞིག་འཁོར་རྒྱུག་ཁང་པའི་ནང་རིན་མེད་སྡོད་རྒྱུ་བྱུང་སོང་། སྡོད་ཁང་དེར་ཁང་མིག་གཅིག་དང་། ཐབ་ཚང་གཅིག གསང་སྤྱོད་གཅིག་བཅས་འདུག་པས་ཧ་ཅང་རྒྱ་ཆེན་པོ་འདུག ན་ནིང་ད་དུང་སྲིད་གཞུང་གིས་ང་ཚོ་ཁོར་ཡུག་གཙང་སྦྲའི་བཟོ་པའི་ཁྱིམ་ལ་དྲོད་རླངས་ཡོ་ཆས་བསྒར་བྱུང་། གལ་ཏེ་འདི་ལོ་དྲོད་རླངས་ཤར་གཏོང་ཐུབ་ཚེ་ལྕི་བར་བརྟེན་ནས་ཐབ་སྤྱོད་དགོས་ཀྱི་མེད་ལ་ཁང་པའི་ནང་དུའང་ཐལ་རྡུལ་མེད་པ་དང་མཁའ་རླུང་གཙང་མ་ཆགས་རྒྱུ་རེད།

    ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་ཉེར་ཡོད་པས་ངའི་སེམས་ནང་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། གང་ལགས་ཤེ་ན། ཏང་གིས་ང་ཚོ་མཐའ་མཚམས་མི་དམངས་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་ལུགས་ངས་མྱོང་ཚོར་ཟབ་མོ་ཐུབ་པས་ཡིན། ང་ཚོའི་ལས་ཀ་དེ་བས་ལམ་ལྷོངས་བྱུང་བ་དང་འཚོ་བ་ཇེ་ལེགས་སུ་འགྲོ་གི་འདུགངས་ཏང་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ལ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་ཀྱང་དེ་བས་བརྟན་དུ་ཕྱིན་སོང་།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།