ཟླ་9ཚེས་11ནས་17ཉིན་བར་ནི་སྐབས་ཉི་ཤུ་པའི་རྒྱལ་ཡོངས་སུ་སྤྱི་སྐད་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་གཟའ་འཁོར་ཡིན་པ་དང་། འདི་ལོའི་བརྗོད་དོན་གཙོ་བོ་ནི“རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེན་དང་སྤྱོད་ཐབས་ཚད་ལྡན་བཟོས་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རང་རྟོགས་ངང་རྒྱུན་འཛིན་དང་དར་སྤེལ་གཏོང”ཞེས་པ་དེ་ཡིན་ཞིང་། འདི་ནི་ནག་ཆུ་ས་ཁུལ་ཨ་མདོ་རྫོང་རྩྭ་རིང་གྲོང་རྡལ་ལྷ་མཚོ་གྲོང་ཚོའི་སྒོ་ཚུགས་ཚོགས་ཆུང་གི་སློབ་ཆུང་ལོ་རིམ་གསུམ་པའི་སློབ་ཕྲུག་གིས་ཤིན་ཧྭ་ཚིག་མཛོད་བེད་སྤྱོད་བཞིན་པའི་གནས་ཚུལ་ཡིན་པ།