བུད་མེད་ལ་མངལ་ཆགས་སྐབས་ནད་འགོག་ནུས་པ་ཞན་པས་ནད་དུག་འགོས་སླ་བ་མ་ཟད། ནད་དུག་ཕོག་རྗེས་ནད་རྟགས་ལྕི་ཙམ་ཡོད་སྟབས་མངལ་ཆགས་ཕྲུ་གུར་ཡང་འགོས་ཏེ་མངལ་ཆགས་ཕྲུ་གུ་འཆི་ཉེན་ཡོད།
མངལ་འཁོར་མ་ཐག་པའི་སྦྲུམ་མར་ནད་དུག་འགོས་ཚེ་ཤ་མ་བརྒྱུད་མངལ་ཆགས་ཕྲུ་གུའི་ནད་དུག་ཁྲག་ནད་ཐོན་པས་རང་བཞིན་གྱིས་ཕྲུ་གུ་ཤོར་བ་དང་། མངལ་ཆགས་ཕྲུ་གུ་ཡ་མ་གཟུགས་ཆགས་པ། མངལ་ཆགས་ཕྲུ་གུའི་སྐྱེ་འཚར་འགོར་བ་དང་ཐ་ན་འཆི་བ་སོགས་ཡོང་གི་ཡོད།
གལ་ཏེ་སྦྲུམ་མར་ཕྲུ་གུ་མ་བཙས་གོང་ངམ་ཡང་ན་ཕྲུ་གུ་བཙའ་སྐབས་ནད་གཞི་ཕོག་ཚེ་སྐྱེ་ལམ་བརྒྱུད་དམར་འབྱར་ལ་འགོས་ཚད་50%ཟིན་པ་དང་། ཚབས་ཆུང་བར་པགས་པའི་ཆུ་འབུར་རམ་ཡང་ན་པགས་འབྲུམ་རང་བཞིན་གྱི་མིག་ནད་ཕོག་སྲིད་པ་དང་། ཚབས་ཆེ་བར་ནད་དུག་རང་བཞིན་གྱི་ཀླད་པའི་གཉན་ཚད་དང་། གློ་ཚད། མཆིན་ཚད་སོགས་ཐོན་ནས་དམར་འབྱར་འཆི་ཉེན་ཡོད་ལ་ཁག་གཅིག་མྱུར་སྐྱོབ་བྱས་རྗེས་གསོན་ཐུབ་ནའང་ཀླད་པའི་བྱེད་ནུས་ཉམས་པ་སོགས་ཡོང་གི་ཡོད།