དབུ་ཤོག>གསར་འགྱུར།
  • ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་ལོ་གསུམ་རིང་སྒོར་ཁྲི་གསུམ་བརྒྱ་བཏང་ནས་དཀའ་ངལ་ཡོད་པའི་སློབ་ཆེན་སློབ་མར་རོགས་རམ་ཧུར་ཐག་བྱས་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-09-15

    ཉིན་ཤས་གོང་། བསམ་གྲུབ་རྩེ་ཆུས་ཀྱིས་2017ལོའི་སློབ་གསོ་དབུལ་སྐྱོར་ཁ་གསབ་རྣམ་གྲངས་ཀྱི་སློབ་སྐྱོར་རོགས་དངུལ་སྤྲོད་པའི་བྱེད་སྒོ་སྤེལ་བར་སློབ་མ་169ལ་སློབ་སྐྱོར་རོགས་དངུལ་ཐོབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བསམ་གྲུབ་རྩེ་ཆུས་ཀྱི་སློབ་གསོའི་དབུལ་སྐྱོར་ཁ་གསབ་རྣམ་གྲངས་ཀྱི་སློབ་སྐྱོར་རོགས་དངུལ་ནི་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པས“དབུལ་སྐྱོར་བྱེད་པར་ངེས་པར་དུ་རིག་སྐྱོར་བྱེད་དགོས་པ”ནས་འགོ་ཚུགས་ཏེ“གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ”ལ་དམིགས་ནས་བསམ་གྲུབ་རྩེ་ཆུས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྲུན་ཐུབ་པ་བྱེད་པར་སྤྱད་པའི་རོགས་སྐྱོར་བྱ་ཐབས་གལ་ཆེན་ཞིག་ཡིན་ལ་ལོ་རེར་སྒོར་ཁྲི་100གཞིར་བཟུང་ལོ་གསུམ་རིང་བསམ་གྲུབ་རྩེ་ཆུས་ཀྱི་དཀའ་ངལ་ཡོད་པའི་སློབ་ཆེན་སློབ་མ་ཚང་མ་བདེ་བླག་ངང་སློབ་གྲྭ་ཐོན་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།