དབུ་ཤོག>གསར་འགྱུར།
  • ལྷ་མོའི་བླ་མཚོའི་ངོགས་སུ་རབ་ཏུ་བཞད་པའི་མཐུན་སྒྲིལ་མེ་ཏོག

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-09-15

    ལྷ་མོ་བླ་མཚོའི་ངོགས་སུ་ཕན་ཚུན་བརྩེ་དུང་ཟབ་པའི་ཁྱོ་ཤུག་ཅིག་ཡོད། ལོ་བཅུ་ལྷག་ཙམ་རིང་། ཁོང་གཉིས་ཕན་ཚུན་གུས་ཤིང་བརྩེ་བ་དང་རྒན་བཀུར་གཞོན་གཅེས་བྱས་པས། ས་གནས་དེ་གའི་མི་སེར་ཚོའི་མིག་ལམ་དུ། ཁྱོ་ཤུག་འདི་གཉིས་ནི་ཀུན་གྱིས་ཡིད་སྨོན་བྱེད་པའི་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཡིན་པ་མ་ཟད། ད་དུང་མི་རིགས་མཐུན་སྒྲིལ་མཛའ་མཐུན་གྱི་དཔེ་སྟོན་ཁྱིམ་ཚང་ཞིག་ཀྱང་ཡིན་པ་རེད།

    ཁྱིམ་ཚང་འདིའི་ཁྱིམ་བདག་མའི་མིང་ལ་དབྱངས་ཅན་སྒྲོལ་དཀར་ཟེར་ཞིང་། ཁོང་ནི་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དུ་སྐྱེས་ཤིང་འཚར་ལོངས་བྱུང་བ་ཞིག་རེད། 2000ལོར་ཏིང་དབྱི་ནུའོ་སི(ཧུད་རིགས)དང་གཉེན་བསྒྲིགས་པ་རེད། ཁྱོ་ཤུག་གཉིས་ཀའི་རིག་གནས་ཆུ་ཚད་མཐོ་པོ་མེད་ཀྱང་སྤྱང་གྲུང་དང་འབད་འབུངས་ལ་བརྟེན་ནས་ད་ཆ་རྒྱ་ཚ་རྫོང་དུ་མིང་གྲགས་ཅུང་ཆེ་བའི་ཁྱིམ་ཚང་ཕྱུག་པོ་ཞིག་ཏུ་གྱུར་ཡོད་པ་རེད།

    ཁོང་གཉིས་ཀྱིས་ཚོང་དོན་ཚད་ཡོད་ཀུང་སི་ཞིག་གཉེར་ནས་ལོ་མང་པོ་ཕྱིན་ཡང་འཛད་སྤྱོད་པས་ཞུ་གཏུག་བྱེད་པའི་དོན་རྐྱེན་གཅིག་ཀྱང་བྱུང་མེད། ཡིད་རྟོན་ལ་བརྟེན་ནས་གཉེར་སྐྱོང་བྱས་སྟབས་ཚོང་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་རེད། ཏང་གི་སྲིད་ཇུས་ཡག་པོ་དང་ས་གནས་དེ་གའི་མང་ཚོགས་ཀྱི་རོགས་རམ་མེད་ཚེ་ཁོང་གཉིས་ཀྱི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོད་མི་སྲིད་པས། ཆུ་འཐུང་དུས་ཆུ་འགོ་མི་བརྗེད་པ་བྱས་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་དགོས་པ་པ་དེ་གསལ་པོ་ཚོར་བས། ལོ་མང་རིང་། ཁོང་གཉིས་ཀྱིས་དབུལ་པོར་རོགས་སྐྱོར་དང་མང་ཚོགས་དཀའ་ངལ་ཅན་ལ་རོགས་རམ་བྱ་རྒྱུ་མཐའ་འཁྱོངས་བྱས་པ་རེད།

    ཁོང་གཉིས་ཀྱི་སྣེ་ཁྲིད་འོག་ལྷ་མོའི་བླ་མཚོའི་ངོགས་སུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ནམ་ཡང་ཁྲ་ལམ་མེར་བཞད་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།