དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་གྱི་ལས་དོན་གཏིང་ཟབ་ཕྱོཌ་སུ་སྤེལ་དགོས།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ཝང་ཡ་ཧུའེ།   |     སྤེལ་དུས།  2017-09-15

    མི་རིགས་མཐུན་སྒྲིལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བའི་གཞི་རྩའི་ཁྱད་ཆོས་དང་ལྟེ་བའི་ནང་དོན་གྱི་གྲས་ཤིག་དང་ལས་དོན་མཐའ་དག་ཡག་པོ་སྒྲུབ་པའི་རྩ་བའི་སྔོན་འགྲོ་དང་འགན་ལེན་ཞིག་ཡིན། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ནི་རྒྱལ་ཡོངས་མི་རིཌ་ཁག་གི་མི་དམངས་ཀྱི་ཆེས་མཐོའི་ཁེ་ཕན་ཞིག་ཡིན་པས། མི་སེམས་གཅིག་སྒྲིལ་དང་སྤྱི་ཚོགས་ཐོན་ཁུངས་བསྡུ་སྒྲིལ་བྱ་རྒྱུར་ནུས་པ་གལ་ཆེན་ཐོན་བཞིན་ཡོད། དེས་ན་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱ་རྒྱུ་ནི་དཀའ་ཚེགས་ཆེ་ལ་གལ་འགངས་ཆེ་བའི་ལས་དོན་ཞིག་ཡིན། འོ་ན་ཇི་ལྟར་བྱས་ནས་ལས་དོན་དེ་ཡག་པོ་སྒྲུབ་དགོས་སམ་ཞེ་ན།

    སྨྱུག་འཛིན་པས་ངོས་འཛིན་བྱས་དོན། རྩ་འཛུགས་འགོ་ཁྲིད་ལ་དམ་འཛིན་དང་བསམ་བློའི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་གཏིང་ཟབ་ཕྱོགས་སུ་སྤེལ་དགོས་པ་དང་། ས་ཁུལ་དང་འབྲེལ་ཡོད་ཚན་པ་ཁག་གིས་ལས་ཀའི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་གཤམ་སྤྲོད་ལས་ཀའི་ཇུས་གཞི་བཟོས་ཏེ“ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། ཏང་སྲིད་ཀྱིས་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། འབྲེལ་ཡོད་སྡེ་ཚན་གྱིས་རང་འགན་གཙང་སྒྲུབ། སྤྱི་ཚོགས་ཡོངས་དེའི་ནང་ཞུགས་པ”བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱེད་དགོས།

    ལག་ལེན་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་ཟབ་ཏུ་བཏང་སྟེ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་གཏིང་ཟབ་ཕྱོགས་སུ་སྤེལ་དགོས། ས་གནས་དང་སྡེ་ཚན་ཁག་གི་ཏང་ཀྲི་པུས་གྲངས་ཉུང་མི་རིགས་ཀྱི་ཁྱིམ་ཚང་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་བྱས་ཏེ་ལས་བྱེད་ལས་བཟོ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ལ་ལས་ཀའི་ལག་ལེན་ནང་བརྩེ་སེམས་དང་སྤྲོ་སེམས་ཀྱིས་ཕྱུག་པ་བྱེད་དགོས། དཀའ་ངལ་ཡོད་པའི་མང་ཚོགས་དང་ཆ་སྒྲིག་གྲོགས་པོ་བསྒྲིགས་ནས་ལས་བྱེད་ལས་བཟོ་དང་གྲངས་ཉུང་མི་རིགས་མང་ཚོཌ་དབར་གྱི་མི་རིཌ་མཐུན་སྒྲིལ་གྱི་སྦྲེལ་ཟམ་ཞིག་བསྐྲུན་དགོས།

    དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་གཏིང་ཟབ་ཕྱོགས་སུ་སྤེལ་དགོས། མི་རིགས་སྲིད་ཇུས་ཀྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་སྤེལ་ནས་རླུང་འཕྲིན་དང་། ནག་པང་གསར་འགྱུར། འཕྲེད་འགེལ་སྦྱར་ཡིག སྦྱར་ཚིག་སོགས་བྱེད་སྟངས་བརྒྱུད་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བ་དང་། ཏང་གི་མི་རིགས་སྲིད་ཇུས། རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། མི་རིགས་ཤེས་བྱ་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་ཧུར་ཐག་སྤེལ་ཏེ་རྒྱ་ཆེའི་མང་ཚོགས་ཚོའི་ངོས་འཛིན་སྔར་བས་མཐོར་གཏོང་གིས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཞི་མཐུན་གྱི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།