དགེ་རྒན་དུས་ཆེན་ཨང་33པར་རྟེན་འབྲེལ་ཞུ་ཆེད། ཚེས་10ཉིན་གྱི་སྔ་དྲོ་ཆབ་མདོ་གྲོང་ཁྱེར་གྱིས་དགེ་རྒན་དུས་ཆེན་ཨང་33པའི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ་རེད། ཚོགས་ཆེན་ཐོག་གྲོང་ཁྱེར་ཡོངས་ཀྱི་དགེ་རྒན་159དང་། འཛིན་གྲྭའི་ཀྲུའུ་རེན་61 སློབ་སྤྱི་39 སློབ་གསོའི་ལས་དོན་པ་43 བོད་སྐྱོར་དགེ་རྒན་6བཅས་ལ་གཟེངས་བསྟོད་བྱས་པ་རེད། ཚོགས་ཆེན་ཐོག་ད་དུང་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་སློབ་གསོའི་ལས་དོན་པ་དང་། རིམ་ཁག་སློབ་གསོའི་སྲིད་འཛིན་སྡེ་ཚན། དེ་བཞིན་འབྲེལ་ཡོད་སྡེ་ཚན་བཅས་ལ་ཕུགས་བསམ་དང་དད་སེམས་ལྡན་པ་དང་། ཀུན་སྤྱོད་ལྡན་པ། ཤེས་ཡོན་ལྡན་པ། བྱམས་སེམས་ལྡན་པ་བཅས“ལྡན་པ་བཞིའི”དགེ་རྒན་ཡག་པོ་ཞིག་བྱེད་པ་དང་སློབ་གསོ་ལག་ལེན་ཐོག་ནས་ཆབ་མདོའི“བདུན་ལྡན་གྲོང་ཁྱེར་མཉམ་གཏོད”ཀྱི་འདུ་འགོད་ལ་སྐུལ་འདེད་བཏང་སྟེ་གཡུར་དུ་ཟ་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཕྱག་རྟགས་འབུལ་དགོས་པའི་བླང་བྱ་བཏོན་ཞིང་། འདི་ནི་ཆབ་མདོ་གྲོང་ཁྱེར་གྱི་དགེ་རྒན་དུས་ཆེན་ཨང་33པར་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་གྱི་ཚོགས་ར་ཡིན་པ།