དགེ་རྒན་དུས་ཆེན་ཐེངས་33པ་སླེབས་པ་དང་བསྟུན་ནས་སློབ་མ་ཚོས་དགེ་རྒན་གྱི་ལས་ཀར་དངོས་སུ་མྱོང་ཚོར་ཐུབ་ཆེད། ཉེ་དུས་ཉིང་ཁྲི་གྲོང་ཁྱེར་གྱི་སློབ་ཆུང་གཉིས་པས་སློབ་མ་སྒྲིག་འཛུགས་བྱས་ཏེ་དགེ་རྒན་གྱི་མཛུབ་ཁྲིད་འོག རང་རྟེན་གྱིས“སློབ་གྲྭའི་བདེ་འཇགས་སློབ་གསོ”དང་འབྲེལ་བ་ཡོད་པའི་སློབ་ཚན་གྱི་ནང་དོན་གྲ་སྒྲིག་བྱས་པ་དང་སྦྲགས། འཛིན་གྲྭ་གཅིག་པའི་སློབ་གྲོགས་ཚོར་སློབ་ཚན་འཁྲིད་ཅིང་། འདི་ནི་ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་གཉིས་པའི་ལོ་རིམ་ལྔ་པའི་འཛིན་གྲྭ་གཉིས་པའི“དགེ་རྒན་ཆུང་ཆུང”གིས་སློབ་མ་ཚོར་སློབ་ཚན་ཁྲིད་བཞིན་པ།