དབུ་ཤོག>གསར་འགྱུར།
  • “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཡུལ་སྐོར་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་60ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-09-11

    ཚེས་8ཉིན། རྒྱལ་ཡོངས་ཀྱི་ཡུལ་སྐོར་བོད་སྐྱོར་ལས་དོན་ཚོགས་འདུ་བོད་ལྗོངས་ཉིང་ཁྲིར་འཚོགས་པ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཁབ་ཡུལ་སྐོར་ཅུས་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་ཁྱོན་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་60ལྷག་ཙམ་བཀོད་སྒྲིག་བྱས་པར་བརྟེན་བོད་ཀྱི་ཡུལ་སྐོར་ལས་རིགས་ཀྱི་ཐོན་ལས་མགྱོ གས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཡོད་པ་རེད།

    བོད་ཀྱི་ཡུལ་སྐོར་ལས་རིགས་ཐད་ད་ཆ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཐོན་ཞིང་། 2016ལོར་ལྗོངས་ཡོངས་ཀྱིས་ཁྱོན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2315.94ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མའི་དུས་མཚུངས་ལས་14.8%འཕར་བ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་330.75ཟིན་ནས་དུས་མཚུངས་ལས་17.3%འཕར་བ་དེ་བོད་ཀྱི་GDPཡི་27.5%དང་མཚུངས་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།