དབུ་ཤོག
  • ཤིང་ཏོག་ངང་ལག་གི་པགས་པར་དགེ་མཚན་དུ་མ་ལྡན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-09-08

    1ཤིང་ཏོག་ངང་ལག་གི་པགས་པས་སོ་གཙང་མ་བཟོ་ཐུབ། ཤིང་ཏོག་ངང་ལག་གི་པགས་པའི་ནང་མའེ་དང་ཇཱ་ཞེས་པའི་གཏེར་རྒྱུ་ཕུན་སུམ་ཚོགས་པོ་འདུས་ཡོད་པས་དེ་དག་སོའི་ནང་འཐིམས་ན་སོའི་མཛེས་བཟོར་ནུས་པ་ཐོན་གྱི་ཡོད། ཤིང་ཏོག་ངང་ལག་ཟ་བའི་སྐབས་པགས་པ་སོའི་ནང་ངོས་སུ་ག་ལེར་འཕུར་མཉེད་བཏང་སྟེ། དགོང་ཞོགས་གཉིས་ལ་ཐེངས་རེ་བྱས་ཏེ་སྐར་མ་བཅུ་སོང་རྗེས་རྒྱུན་གཏན་ལྟར་སོ་འཁྲུད་པ་ཡིན་ན་སོའི་མཛེས་བཟོར་ཕན་འབྲས་མངོན་གསལ་ཐོན་ཐུབ།

    2ཤིང་ཏོག་ངང་ལག་གི་པགས་པས་སྣག་ཚ་དག་ཐུབ། སློབ་མའི་སློབ་གོས་ཐོག་སྣག་ཚ་བགོས་ཚེ་དག་ཁག་པོ་ཡོད་པས་ཕ་མ་འགའ་ཞིག་གིས་སྐྱུར་གྱི་ཡོད། སྣང་ཚུལ་དེ་དག་ཐོན་སྐབས་ཤིང་ཏོག་ངང་ལག་གི་པགས་པ་སྣག་ཚ་ཡོད་སར་ཐེངས་འགའ་འཕུར་ན་གཙང་དག་འགྲོ་ཐུབ། རྒྱུ་མཚན་ནི་ཤིང་ཏོག་ངང་ལག་གི་ཤུན་པགས་ནང་རང་བྱུང་གི་སྣུམ་ཚིལ་འདུས་ཡོད་པས་སྣག་ཚ་དང་འཕྲད་ཚེ། སྣུམ་ཚིལ་དང་སྦགས་བཙོག་དག་པའི་ནུས་པ་ཡག་པོ་ཐོན་ཐུབ།

    3ཤིང་ཏོག་ངང་ལག་གི་པགས་པར་སྣུམ་སྙིགས་དག་པའི་ནུས་པ་ལྡན། ཐབ་ཚང་ནི་རང་བྱུང་སྣུམ་སྙིགས་མང་ཤོས་བགོ་ས་ཞིག་ཡིན་པས། ཐབ་ལས་བྱེད་མཁན་ཚང་མས་མགོ་ན་དགོས་པ་ཞིག་རེད། རྒྱུན་གཏན་ཤིང་ཏོག་ངང་ལག་གི་ཤུན་པགས་ཀྱི་རྩུབ་ངོས་དེས་བཞག་ཚིལ་ཕྱིས་ན་གཙང་དག་ཡོང་ཐུབ།

    4ཤིང་ཏོག་ངང་ལག་གི་ཤུན་པགས་ཀྱིས་ཟ་ཕྲུག་ལངས་པ་བཅོས་ཐུབ། མི་མང་པོ་ཞིག་ལ་པགས་པ་ཟ་ཕྲུག་ལངས་པའི་སྣང་ཚུལ་ཐོན་གྱི་ཡོད། ལྷག་པར་དུ་མི་གཟུགས་པོ་ཚོར་སྐྱེན་སླ་བ་རྣམས་ལ་ནུས་ལྡན་གྱི་བཅོས་ཐབས་ཞིག་མེད། དོན་དངོས་ཐོག་ཤིང་ཏོག་ངང་ལག་གི་ཤུན་པགས་ནང་ཅའོ་ཡི་རྒྱུ་ཆ་འདུས་ཡོད་པས་དེར་སྨར་སྲིན་དང་འབུ་ཕྲ་སྐྱེ་འཕེལ་ལ་ཚོད་འཛིན་བྱེད་པའི་ནུས་པ་ངེས་ཅན་ལྡན་ཡོད། ཤིང་ཏོག་ངང་ལག་གི་ཤུན་པགས་ཟ་ཕྲུག་ལངས་སར་འཕུར་བའམ་ཆུའི་ནང་སྐོལ་ནས་བཏུང་ན་ནུས་པ་ལམ་སེང་ཐོན་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།