ཉེས་ཁྲིམས་ནི་བྱ་སྤྱོད་ཅི་འདྲ་ཞིག་ཉེས་སྤྱོད་དུ་གྱུར་པ་དང་ཉེས་ཅན་པར་ཉེས་ཆད་ཇི་འདྲ་གཅོད་ཚུལ་ཆེད་དམིགས་ཀྱིས་གཏན་འཁེལ་བྱས་པའི་བཅའ་ཁྲིམས་ཤིག་ཡིན་ཞིང་། ཉེས་ཁྲིམས་ནི་རྒྱལ་ཁབ་ཀྱི་གཞི་རྩའི་བཅའ་ཁྲིམས་གཙོ་བོའི་རིགས་ཡིན་པས། མི་ཚང་མས་བརྩི་སྲུང་བྱེད་དགོས་ལ། མི་སུ་འདྲ་ཞིག་ཡིན་རུང་ཉེས་ཁྲིམས་ཀྱི་གཏན་འབེབས་དང་འགལ་ཚེ། ཉེས་སྤྱོད་དུ་འགྱུར་བ་ཡིན་པས། དེར་ཉེས་ཆད་གཅོད་འོས་སོ།