དབུ་ཤོག
  • རླངས་འཁོར་ཐིག་འདི་ནས་གཏོང་སྐབས་ཡིད་གཟབ་བྱས་ན་མ་གཏོགས……

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-09-07

    ཉིན་ལྟར་ལས་ཀར་འགྲོ་བ་དང་ལས་ཐག་བཅད་པའི་མཚམས་སུ་ལྷ་ས་གྲོང་ཁྱེར་དང་ཆུས་ཁག་གི་མ་ལམ་དུ་མི་དང་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་མཁན་ཧ་ཅང་མང་པོ་ཡོད་མོད། ཚང་མས་དུས་ཚོད་དམ་འཛིན་བྱ་ཆེད་འཕྲུལ་སྒུལ་འཁོར་རིགས་ཀྱིས་འགྲུལ་བཞུད་པ་སྔོན་ལ་མི་གཏོང་བ་དང་འགྲུལ་བཞུད་པས་གློག་དམར་པོ་ལས་སྒྲོལ་བའི་གནས་ཚུལ་ཡང་སེ་ཐོན་གྱི་ཡོད། ཟླ་9ཚེས་6ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་བུད་མེད་རུ་ཆེན་གྱིས་གྲོང་མིར“ཡ་རབས་ལྡན་པའི་ངང་མི་སྔོན་ལ་འགྲོ་རུ་བཅུག་དགོས་པའི”གྲོས་འགོའི་ཡི་གེ་སྤྲད་ནས། རྒྱ་ཆེའི་ཁ་ལོ་བ་ཚོས་ལམ་ཐིག་སྟག་རིས་ཅན་བརྒྱུད་སྐབས་ངེས་པར་དུ་རླངས་འཁོར་གྱི་མྱུར་ཚད་གཅོག་དགོས་ལ། འགྲུལ་བཞུད་པ་འཕྲད་སྐབས་ངེས་པར་དུ་སྔོན་ལ་གཏོང་དགོས་པའི་འབོད་སྐུལ་བྱས་པ་རེད།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་བདུན་པའི་གཏན་འབེབས་གཞིར་བཟུང་། འཕྲུལ་སྒུལ་འཁོར་རིགས་ཀྱིས་རྐང་ཐང་འགྲོ་སའི་ལམ་བརྒྱུད་སྐབས། རླངས་འཁོར་གྱི་མྱུར་ཚད་གཅོག་དགོས་པ་མ་ཟད། འགྲུལ་བཞུད་པ་ལམ་སྒྲོལ་བཞིན་པ་མཐོང་སྐབས་ངེས་པར་དུ་ཁ་འགོག་དགོས། དེ་འདྲ་མིན་ཚེ་སྐར་མ་3གཅོག་རྒྱུ་དང་དངུལ་ཆད་སྒོར་200ཕོག་སྲིད།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉིང་ལག་རུ་ཁག་ཏང་ཨུད་ཀྱི་ཨུ་ཡོན། གྲོང་ཤར་རུ་ཆེན་གྱི་རུ་དཔོན་སྤེན་ནོར་གྱིས་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་ཀའི་བླང་བྱ་དང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་འོག ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉིང་ལག་རུ་ཁག་གིས“ཡ་རབས་ལྡན་པའི་ངང་མི་སྔོན་ལ་འགྲོ་རུ་བཅུག་དགོས་པ”སོགས་ཀྱི་འགྲིམ་འགྲུལ་གྱི་ཡ་རབས་བྱ་སྤྱོད་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་ལམ་ཐིག་སྟག་རིས་ཅན་ལ་འགྲུལ་བཞུད་པ་སྔོན་ལ་མི་གཏོང་བ་དང་ཁྲིམས་འགལ་ངང་དུང་བརྡ་སྒྲོག་པ་སོགས་ཀྱི་ཚུལ་མིན་གྱི་འགྲིམ་འགྲུལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།