དབུ་ཤོག
  • ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ནི་སྐར་ལྔའི་དར་དམར་ཡིན་དོན་ཅི།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-09-06

    དར་ངོས་ཀྱི་མདོག་དམར་པོས་གསར་བརྗེ་མཚོན་པ་དང་། སྐར་ལྔའི་དར་མདོག་སེར་པོས་ས་གཞི་དམར་པོའི་སྟེང་དུ་འོད་ཟེར་འཕྲོ་བ་མཚོན་ལ། ཟུར་ལྔ་ཅན་གྱི་སྐར་མ་ཆུང་བ་བཞི་པོའི་རེ་རེའི་ཟུར་གཅིག་གིས་ལྔ་ཅན་གྱི་སྐར་མ་ཆེ་བའི་ལྟེ་གནད་ལ་གཏད་ཡོད་པ་དེས་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ལྟེ་བར་བྱས་ཏེ་མཐུན་སྒྲིལ་ཆེན་པོ་བྱེད་པ་མཚོན་གྱི་ཡོད།

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་ཀྱི་རི་མོའི་དཀྱིལ་ནི་སྐར་ལྔའི་འོད་ཟེར་འཕྲོ་བའི་འོག་ན་གནམ་བདེ་སྒོ་མོ་ཆེ་ཡོད་ལ། དེའི་མཐའ་འཁོར་ན་འབྲུ་སྙེ་དང་སོ་འཁོར་ཡོད། འབྲུ་སྙེ་དང་སོ་འཁོར་གྱིས་བཟོ་པའི་གྲལ་རིམ་གྱི་འགོ་ཁྲིད་འོག་གི་བཟོ་ཞིང་མཉམ་འབྲེལ་མཚོན་ཞིང་། སྐར་ལྔས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་མཚོན་པ་དང་། གནམ་བདེ་སྒོ་མོ་ཆེ་ནི“ལྔ་བཞི”ལས་འགུལ་གྱི་འབྱུང་གནས་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་གསར་བརྗེའི་སྲོལ་རྒྱུན་དང་ཀྲུང་གོ་གསར་པ་དབུ་བརྙེས་པ་མཚོན་ནོ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།