དབུ་ཤོག
  • ཇི་ལྟར་བྱས་ཏེ་མངལ་ཆགས་ཕྲུ་གུར་གཞུ་དབྱིབས་འབུ་ཕྲའི་འགོ་ནད་ཀྱི་གནོད་འཚེ་མི་ཕོག་པ་བྱེད་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-09-05

    (1)མངལ་འཁོར་རྩིས་ཡོད་སྐབས་ཡག་ཤོས་བྱུང་ན་བུད་མེད་ཀྱིས་ཞི་མི་དང་སྲོག་ཆགས་གཞན་དག་ལ་རེག་རྒྱུ་མེད་ལ། ཤ་དང་སྒོ་ང་སོགས་རྗེན་པ་དང་ཚོས་པོ་མེད་པའི་ཟས་ཟ་རྒྱུ་མེད།

    (2)གལ་ཏེ་མངལ་མ་འཁོར་གོང་གཟུགས་པོར་གཞུ་དབྱིབས་འབུ་ཕྲ་ཡོད་པ་བརྟག་དཔྱད་ཐུབ་ན་ལམ་སེང་སྨན་བཅོས་བྱེད་དགོས་པ་དང་དྭངས་ཁྲག་འགོག་གཟུགས་རྒྱུན་ལྡན་ལྟར་གྱུར་རྗེས་གཞི་ནས་ཕྲུ་གུ་དགོས་མིན་བསམ་བློ་གཏོང་དགོས།

    (3)མངལ་མ་འཁོར་གོང་གི་དྭངས་ཁྲག་འགོག་གཟུགས་རྒྱུན་ལྡན་ལྟར་ཡིན་པའི་བུད་མེད་ལ་དེ་གོང་འབུ་ཕྲ་དེ་རིགས་འགོས་མྱོང་མེད་པ་མཚོན་གྱི་ཡོད་ཀྱང་། མངལ་འཁོར་སྐབས་གློ་བུར་དུ་འབུ་ཕྲ་དེ་རིགས་འགོ་རྒྱུ་སྔོན་འགོག་བྱེད་དགོས།

    (4)གལ་ཏེ་མངལ་འཁོར་མ་ཐག་པའི་སྐབས་སུ་གཞུ་དབྱིབས་འབུ་ཕྲ་དེ་རིགས་འགོས་ན་འཕྲལ་དུ་སྨན་ཁང་དུ་བསྐྱོད་ནས་མངལ་འབྱིན་ཏེ་འབུ་ཕྲ་དེ་རིགས་འགོས་པའི་ལྷན་སྐྱེས་ཕྲུ་གུ་བཙའ་མི་རུང་།

    (5)མངལ་འཁོར་རྗེས་དང་མངལ་འཁོར་ནས་ཟླ་བ་བདུན་བརྒྱད་སོང་རྗེས་གཞུ་དབྱིབས་འབུ་ཕྲ་འགོས་ཡོད་ན་སྨན་བཅོས་བྱེད་དགོས། ཡིན་ནའང་སྨན་རྫས་ཀྱི་ལོ་མའི་སྐྱུར་རྒྱུ་འགོག་པའི་ནུས་པར་དོ་སྣང་བྱེད་དགོས། སྨན་བཅོས་བྱེད་རིང་ལོ་མའི་སྐྱུར་རྒྱུ་འོས་འཚམ་ཁ་གསབ་བྱེད་དགོས།

    (6)ལྷན་སྐྱེས་ཀྱི་གཞུ་དབྱིབས་འབུ་ཕྲ་འགོས་པའི་བྱིས་པ་སྐྱེས་རྗེས་ནད་རྟགས་ཡོད་མེད་ལ་མ་བལྟོས་པར་འཕྲལ་དུ་སྨན་བཅོས་བྱས་ནས་ཚབས་ཆེའི་ནད་གཞི་མི་ཐོན་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།