དབུ་ཤོག
  • མངལ་ཆགས་སྐབས་གཞུ་དབྱིབས་འབུ་ཕྲའི་ནད་དུག་འགོས་ཚེ་གནོད་པ་གང་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-09-04

    ཞི་མི་དང་ཁྱི་སོགས་ལ་གཞུ་དབྱིབས་ཀྱི་སྲིན་འབུ་མང་པོ་ཡོད་པ་དང་ལྷག་པར་དུ་ཞི་མིར་ཤིན་ཏུ་མང་།

    ཞི་མིར་གཞུ་དབྱིབས་འབུ་ཕྲ་འགོས་རྗེས་གཞུ་དབྱིབས་འབུ་ཕྲའི་སྒོ་ང་མང་པོ་ཡོད་པའི་སྐྱག་གཅིན་བཏང་ནས་ས་ཞིང་དང་། སྔོ་ཚལ། ཆུ་སོགས་ལ་བཙོག་པ་བཟོ་གི་ཡོད། འབུ་ཕྲའི་སྒོ་ངས་བཙོག་པ་བཟོས་པའི་བཟའ་བཅའ་མིས་བཟས་རྗེས་ནད་དུག་དེ་འགོས་ཀྱི་ཡོད། གཞན་ཡང་། འབུ་ཕྲ་དེ་རིགས་ཀྱི་སྒོ་ང་ཕག་པ་དང་། ལུག བ་ཕྱུགས་སོགས་འོ་འཐུང་སྲོག་ཆགས་སམ་ཁྱིམ་བྱས་བཟས་རྗེས་སྲོག་ཆགས་དེ་དག་ལའང་འབུ་ཕྲ་དེ་རིགས་འགོས་སྲིད་ལ། མི་རྣམས་ཀྱིས་ཤ་མ་ཚོས་པ་བཟས་ནའང་འབུ་ཕྲ་དེ་རིགས་འགོས་སྲིད།གལ་ཏེ་གཟུགས་པོའི་ནད་འགོག་ནུས་པ་ཅུང་ཆེ་ན་གཞུ་དབྱིབས་འབུ་ཕྲ་སྐྱེ་འཕེལ་བྱ་རྒྱུར་ཚོད་འཛིན་ཐུབ་པ་དང་དྭངས་ཁྲག་འགོག་གཟུགས་རྒྱུན་གཏན་མ་ཡིན་ནའང་ནད་རྟགས་གང་ཡང་ཐོན་གྱི་མེད། མིའི་གཟུགས་པོའི་ནད་འགོག་ནུས་པ་ཆུང་དུ་འགྲོ་སྐབས་དང་ལྷག་པར་དུ་མངལ་འཁོར་སྐབས་གཞུ་དབྱིབས་འབུ་ཕྲ་སྦྲུམ་མའི་ཁྲག་རྒྱུན་དང་། རྒྱུ་ཞབས། བུ་སྣོད། འགོ་ཆུ། མངལ་ལམ་སོགས་བརྒྱུད་ནས་མངལ་གནས་ཕྲུ་གུར་འགོས་ཀྱི་ཡོད། ལྷག་པར་དུ་མངལ་འཁོར་མ་ཐག་པའི་སྐབས་སུ་གཞུ་དབྱིབས་འབུ་ཕྲ་འགོས་ན་མངལ་གནས་ཕྲུ་གུར་གནོད་པ་ཤིན་ཏུ་ཆེ་བས། མངལ་གནས་ཕྲུ་གུ་འཆི་བ་དང་། མངལ་ཤོར་བ། ཤི་རོ་སྐྱེས་པ། དབང་སྐྱོན་བྱུང་བ་སོགས་མཇུག་འབྲས་ངན་པ་ཐོན་གྱི་ཡོད།

    མངལ་འཁོར་ནས་ཟླ་བདུན་བརྒྱད་འགྲོ་སྐབས་གཞུ་དབྱིབས་འབུ་ཕྲ་འགོས་པའི་ནད་རྟགས་གསལ་པོ་མེད་མོད། འོན་ཀྱང་ཕྲུ་གུ་སྐྱེས་རྗེས་དབང་རྩ་གཙོ་བོ་དང་མིག་ཟུང་གིས་གཙོས་པའི་དབང་པོའི་འཚར་ལོངས་ལ་གནོད་སྐྱོན་བཟོ་བ་དཔེར་ན། ཀླད་ཆུ་བསགས་པ་དང་། མགོ་རུས་མི་ཚང་བ། མགོ་བོ་ཆུང་དྲགས་པ། མིག་ཆུང་དྲགས་པའམ་མིག་མེད་པ་སོགས་ཡོང་གི་ཡོད་པ་མ་ཟད། ཚད་གཞི་མི་འདྲ་བའི་ཀླད་སྐྱོན་དང་སེམས་ཁམས་རྒྱུན་གཏན་མ་ཡིན་པ་སོགས་ཀྱི་སྣང་ཚུལ་ཐོན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།